མཚོ་སྔོན་གྱི་སྣ་ཁ་3དང་ལག་རྩལ་1ཞིང་ལས་གྲོང་གསེབ་པུའི་2023ལོའི་ཞིང་ལས་ཀྱི་སྣ་ཁ་དང་འོས་སྦྱོར་གཙོ་བོ་བྱེད་པའི་ལག་རྩལ་ལ་བདམས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཞིང་ལས་གྲོང་གསེབ་པུས“2023ལོའི་ཞིང་ལས་ཀྱི་སྣ་ཁ་གཙོ་བོ་དང་འོས་སྦྱོར་གཙོ་བོ་བྱེད་པའི་ལག་རྩལ”ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་ལས་ཀྱི་སྣེ་ཁྲིད་རང་བཞིན་གལ་ཆེན་ལྡན་པའི་ལག་རྩལ་10དང་། སྣ་ཁ་གཙོ་བོ143 འོས་སྦྱོར་གཙོ་བོ་བྱེད་པའི་ལག་རྩལ་176བཅས་འདེམས་སྒྲུག་བྱས་པ་ལས། མཚོ་སྔོན་ཞིང་ཆེན་གྱིས་འོས་སྦྱོར་བྱས་པའི་མཚོ་འདྲེས་ཨང་12པ་དང་། ཁུན་ལུན་ཨང་15པ། ཏ་ཐུང་འབྲི་གཡག་གི་རྒྱུད་པ་3བཅས་ཞིང་ལས་ཀྱི་སྣ་ཁ་གཙོ་བོར་བདམས་པ་དང་། བོད་ལུག་གི་ལས་ཕྱོད་ཆེ་བའི་གསོ་ཚགས་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་ལག་རྩལ་ཞིང་ལས་ཀྱི་འོས་སྦྱོར་གཙོ་བོ་བྱེད་པའི་ལག་རྩལ་ལ་བདམས་ཡོད་པ་རེད།