དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་ལ་སླར་ཡང་འཛམ་གླིང་གི་ཟིན་ཐོ་ཁག་གཉིས་ཀྱི་བདེན་དཔང་ར་སྤྲོད་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-29

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་25ཉིན་2023ལོའི“ཁ་དོག་སྣ་ལྔའི་གཡང་མདའ་འཕེན”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་རིག་གནས་མདའ་སྟོན་གདན་ཞུའི་འགྲན་བསྡུར་སྐབས་བདུན་པ་དང་མདའ་སྟོན་རིག་གནས་བྱེད་སྒོའི་འགོ་ཚུགས་ཉིན་མོར་ཞབས་བྲོ་བ་1370ཡིས་མཉམ་དུ་འཁྲབ་པའི“ཨ་མདོའི་རྩེད་རིག”དང་དེ་བཞིན་མི་2529མཉམ་དུ་ཞུགས་པའི“མདའ་སྟོན”ལ་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་སྒྲིག་གཞི(WRCA)ཡིས་སོ་སོར“གཞི་ཁྱོན་ཆེ་ཤོས་ཀྱི་ཨ་མདོའི་རྩེད་རིགས་འཁྲབ་སྟོན”དང“གཞི་ཁྱོན་ཆེ་ཤོས་ཀྱི་མདའ་སྟོན”གྱི་བདེན་དཔང་བྱས་པ་རེད། ད་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གིས་འཛམ་གླིང་གི་ཟིན་ཐོ་ཁག་5བཏོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཅན་ཚ་རྫོང་གིས་2019ལོ་དང་2021ལོར་གྲུབ་འབྲས་ཐོབ་པའི་ངང“འཛམ་གླིང་གི་ལམ་སྔགས་གསེར་བྲིས་ཆེ་ཤོས”དང་། “འཛམ་གླིང་གི་ཤིང་ཁང་སྒོ་ར་གྲུ་བཞི་ཆེ་ཤོས” “འཛམ་གླིང་གི་གོ་རེ་ཆེ་ཤོས”བཅས་WRCAའཛམ་གླིང་གི་ཟིན་ཐོ་ཁག་གསུམ་རེ་འདུན་ཞུས་ནས་ཐོབ་པ་རེད། གཅན་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་རྨ་ལྷོ་ཀྲོའུ་ཡི་བྱང་རྒྱུད་དུ་གནས་པ་དང་དེར་མི་རིགས་ཀྱི་ཁྱད་ཆོས་ཟབ་པའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད་ལ། དམངས་སྲོལ་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པ་ལས། དམངས་ཁྲོད་རྒྱུན་འཛིན་གྱི་སྲོལ་རྒྱུན་མདའ་སྟོན་རིག་གནས་ལ་དམིགས་བསལ་ཁྱད་ཆོས་ལྡན་པ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས“ཀྲུང་གོའི་མི་རིགས་མདའ་སྟོན་ལུས་རྩལ་གྱི་ཕ་ས”ཡི་མཚན་སྙན་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།