དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནོར་སྲིད་འགན་ནུས་འདོན་སྤེལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་པ་འདོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-29

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་གཏན་གྱི་ལས་དོན་ཁག་ལ་ཁྱབ་པར་བྱས་ནས་དགོངས་པ་སློབ་སྦྱོང་དང་བྱ་སྤྱོད་དུ་འཁྱོལ་བར་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་ལས་ཀའི་སྤུས་ཚད་དང་ཕན་འབྲས་སུ་བསྒྱུར་བ་དང་། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱེད་པ་དང་ཇུས་འདོན་གནད་སྨིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་བཏགས་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས“ཟ་མཁས་འཐུང་མཁས”ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་ཧུར་བསྲི་གྲོན་ཆུང་ལག་ལེན་བསྟར་ཏེ། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་དང་དགོས་པ་ཆེན་པོ་མེད་པའི་གཏོང་སྒོ་ཉུང་དུ་ཤུགས་ཆེན་བཏང་ནས་གྲོན་ཆུང་ཐུབ་པའི་མ་དངུལ་ཚང་མ་དམངས་འཚོའི་ཁྱབ་ཁོངས་གཙོ་བོར་སྤྱད་པ་རེད། རྫོང་རིམ་པའི“འགན་ལེན་གསུམ”གྱི་སྔོན་རྩིས་མ་བཟོས་སྔོན་གྱི་ཞིབ་བཤེར་ལམ་སྲོལ་གཞིར་བཟུང་། 2023ལོར་མཐོ་གྲང་དང་། ཐག་རིང་ལུང་ཁུག གཞི་རིམ་གྱི་ནོར་ཤུགས་བལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་རྫོང(ཆུས)43རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་ཁྱབ་ཁོངས་སུ་བཅུག་ནས“འགན་ལེན་གསུམ”གྱི་སྔོན་རྩིས་བཀོད་སྒྲིག་དང“འགན་ལེན་གསུམ”གྱི་སྤྱོད་ཆོག་པའི་ནོར་ཤུགས་དང་སྔོན་དཔག་གཏོང་སྒོའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་འབྲེལ་ཞིབ་བཤེར་བསམ་འཆར་ཡང་བཏོན་ཏེ། སྔོན་རྩིས་ཐོ་འགོད་ཞིབ་བཤེར་ལམ་སྲོལ་གྱི་ཚོད་འཛིན་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་བཞིན་ཡོད་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནོར་སྲིད་ཀྱི་ཞིབ་མཆན་དོན་ཚན་ལ་དམིགས་ནས་ཞིབ་མཆན་དོན་ཚན་སྒྲུབ་གཉེར་བརྒྱུད་རིམ་དང་དུས་ཚད་མུ་མཐུད་ལེགས་སུ་བཏང་བ་དང་། སྒྲུབ་གཉེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། གཉེར་སྐྱོང་བྱེད་པོར་ཚོང་གཉེར་ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ཉམས་ལེན་དང་ཐོབ་སྣང་སྔར་བས་ཆེ་རུ་བཏང་བ་རེད། བསྒྲུབ་རྒྱུ་ཁས་ལེན་གྱི་དུས་ཚད་ཤེས་སུ་འཇུག་པ་དང་དངོས་སུ་སྒྲུབ་པའི་དུས་ཚད་ཐུང་དུ་བཏང་ཞིང་། མིག་སྔར་རྒྱུ་ནོར་དཔྱད་དཔོག་སྒྲིག་གཞི་དང་དེ་བཞིན་ཡན་ལག་དང་ཉིང་ལག་སྒྲིག་གཞིའི་ཐོ་འགོད་དོན་ཚན་དེ་ལས་ཀའི་ཉིན་མོ་20ཡི་ཁྲིམས་གཏན་འཁེལ་བའི་དུས་ཚད་ཀྱི་རྨང་གཞིའི་ཐོག་སླར་ཡང་30%ཐུང་དུ་བཏང་ཡོད། ཆ་རྐྱེན་འཛོམས་ཤིང་ཡིག་ཆ་ཆ་ཚང་ཡོད་མཁན་ལ་བསྒྲུབ་རྒྱུ་ཁས་ལེན་གྱི་དུས་ཚད་ལྟར་བསྒྲུབས་པར“ཐེངས་གཅིག་ལས་སྐྱོད་མི་དགོས་པ་དང་སྒོ་གཅིག་ལས་འཛུལ་མི་དགོས་པ་མངོན་འགྱུར་ཐུབ་ཡོད། ཞབས་འདེགས་ཀྱི་འདུ་ཤེས་རང་འགུལ་ངང་བསྒྱུར་ནས་རེ་འདུན་ཞུ་མཁན་གྱིས་དོ་ཁུར་བྱེད་པའི“ཇི་ལྟར་བྱེད་དགོས་པ་མི་ཤེས་པ་དང་སྒྲུབ་ཐུབ་མིན་མི་ཤེས་པ”སོགས་ཀྱི་གནད་དོན་ཐད་བློ་འདྲིའི་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ནས། སྲིད་དོན་ཞབས་འདེགས་ཀྱི་ལས་དོན་སྒྲུབ་པའི་སྲིད་ཇུས་ངང་རྒྱུད་རིང་པོས་འགྲེལ་བཤད་ཞིབ་ཕྲ་རྒྱག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།