ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གིས་བརྟག་དཔྱད་ཞིབ་འཇུག་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གིས་པེ་ཅིང་དུ་བརྟག་དཔྱད་ཞིབ་འཇུག་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ལི་ཀན་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཅང་ཤིན་ཀྲེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟག་དཔྱད་ཞིབ་འཇུག་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དངོས་སྒྲུབ་ཀྱི་སྲོལ་བཟང་དར་སྤེལ་བཏང་སྟེ་བརྟག་དཔྱད་ཞིབ་འཇུག་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས་ཤེས་རྟོགས་བྱུང་བའི་གནད་དོན་སྔར་བས་གསེད་བཀྲོལ་གྱིས་གནས་ཚུལ་བདེན་པ་བདེན་ཐུབ་དང་། ཕྱོགས་ཡོངས་ནས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱེད་དགོས། བརྟག་དཔྱད་བྱས་ཚུལ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྟག་དཔྱད་དང་ཞིབ་འཇུག་གཉིས་ཀར་མཐོང་ཆེན་བྱས་ཏེ། གནད་དོན་ཐག་གཅོད་མི་ཐུབ་པའི་རྒྱུ་རྐྱེན་གནད་འཁེལ་གྱིས་དབྱེ་ཞིབ་དང་ཁོང་དུ་ཆུད་པར་བྱས་ཐོག་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་གྱིས་རིགས་གཅིག་མཚུངས་ཀྱི་གནད་དོན་གྱི་ཆ་མཐུན་པའི་ཆོས་ཉིད་འཚོལ་ཞིབ་བྱས་ནས་དེ་ལ་དེ་འཚམ་གྱི་བྱ་ཐབས་འདོན་དགོས། རིགས་པའི་གཞུང་ལུགས་ཀྱི་བསམ་ཕྱོགས་དང་། ལས་ཀའི་ལམ་སྲོལ། བྱེད་སྟངས་བྱེད་ལུགས་བཅས་ཐད་ནས་ཇུས་འདོན་གནད་སྨིན་དང་འགལ་བ་སེལ་བ་དང་ཐག་གཅོད་ཐུབ་པར་མཐོང་ཆེན་བྱས་ཏེ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་ཞིབ་འཇུག་བྱ་བར་གནད་དོན་ཐག་གཅོད་ངོ་མ་ཐུབ་པའི་འདུ་ཤེས་གསར་པ་དང་ཐབས་ཇུས་གསར་པ་འདོན་དགོས། གནད་དོན་སྟོན་ཕྱོགས་སུ་འཛིན་པ་དང་། དགོས་མཁོ་སྟོན་ཕྱོགས་སུ་འཛིན་པ། དམིགས་ཚད་སྟོན་ཕྱོགས་སུ་འཛིན་པ། འབྲས་བུ་སྟོན་ཕྱོགས་སུ་འཛིན་པ་བཅས་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། བརྟག་དཔྱད་བྱེད་རིང་ཐབས་ཇུས་དང་སྲིད་ཇུས་ལེགས་སུ་གཏོང་བ་དང་ལས་དོན་ལ་སྐུལ་མ་ཐེབས་པའི་ནུས་པ་བཏོན་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད། ཉེན་ཁ་སྔོན་འགོག་དང་སེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་དོན་དངོས་ཀྱི་ཕན་འབྲས་སུ་འགྱུར་བ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་འགན་འཁྲི་དང་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་བྱ་བར་རྒྱུན་རྣམ་ཅན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད།