ལྷག་བསམ་ཟོལ་མེད་བཅངས་ནས་བླ་སྲོག་གཏོད། སྒྲིག་ཁྲིམས་རྣམ་དག་བསྲུངས་ནས་འགན་འཁྲི་འཁུར།
—— “དུས་རབས་གསར་པའི་སྲིད་ཁྲིམས་དཔེ་བཟང་མཉམ་སྡེབ”ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་སྐོར་བཀོད་པ།
དུས་རབས་ཀྱིས་དཔེ་བཟང་ལ་འབོད་བརྡ་གཏོང་། དཔེ་བཟང་གིས་དུས་རབས་གསར་པར་འོད་ཟེར་འཕྲོས།
ཉེ་བའི་ལོ་ཤས་རིང་གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་ཏེ་བདེ་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་དང་། བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག་བཅས་ཧུར་ཐག་བཏོད་པས། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་ཡོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱི“དུས་རབས་གསར་པའི་སྲིད་ཁྲིམས་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
ཏང་འཛུགས་ལ་དམ་འཛིན་གྱིས་བླ་སྲོག་བཏོད། བརྟན་ལྷིང་ལ་དམ་འཛིན་གྱིས་རྩ་བ་བསྲུངས།
གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྔ་བར་ཕྱི་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཏང་གིས་སྲིད་ཁྲིམས་ཀྱི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ཐབས་ཇུས་དང་། ལག་བསྟར། ལྟ་སྐུལ་སོགས་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་དངོས་གཞི་ཅན་གྱི་འཁོར་སྐྱོད་ནུས་པར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་ལས་ཀའི་སྟོབས་ཤུགས་སྔར་བས་ལེགས་གཏོང་བསྡུ་སྒྲིལ་དང་། ཞུའེ་ལེང་ལས་སྟེགས་སྤྱད་དེ་དམག་འཐབ་བཀོད་འདོམས། སྤྱི་བདེ་ཅུས་ཀྱི་ཉེན་དོན་མཉམ་སྒུལ་ཁུལ་དང་མཐུན་སྦྱོར་གྱིས་དུས་ཐོག་ཏུ་ལེ་ལག་ཚང་བའི་ལས་འགན་མཁོ་འདོན། གཞི་རིམ་གྱི“ཞིབ་བཤེར་གསུམ་དང་གྲོས་མོལ་གཅིག རྩིས་ཐོ་གསུམ། གསལ་རྟོགས་གཱ་ལྔ”དང“7+1”གི་སྔོན་འགོག་དང་ཚོད་འཛིན་མ་ལག“བཅུ་གཉིས”ཀྱི་ལས་དོན་དང་ཟུང་འབྲེལ་གང་ལེགས་བཅས་བྱས་ནས་གནད་དོན་རྒྱུན་གཏན་ནས་ཤེས་ཐུབ་པ་དང་འགལ་ཟླ་གཞི་རིམ་དུ་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ཡོད། “སློབ་གསོ་ཆེན་པོ་དང་། ངོ་བཅར་ཆེན་པོ། རང་བཤེར་ཆེན་པོ། དག་ཐེར་ཆེན་པོ། མཐོར་འདེགས་ཆེན་པོ”བཅས་ལྷུ་ཚིགས་ལྔ་གཏིང་ཟབ་ཀྱིས་སྤེལ་བ་དང་།“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་གོ་རིམ་ཁྱབ་སྤེལ་བཏང་སྟེ། རྩོད་གཞི་དང་ཐག་གཅོད་བྱེད་རྒྱུར་ལུས་པའི་གནད་དོན་ཐག་གཅོད་བྱ་ཆེད་འགག་རྩའི་ནུས་པ་ཐོན་པ་དང་། དུས་ཡུན་རིང་པོར་ལུས་པའི་ངན་རེངས་གཅོང་ནད་བཅོས་སྐྱོང་ནུས་ལྡན་ཐུབ་པ། ལས་བྱེད་པའི་སྙིང་སྟོབས་ཆེས་ཆེར་འཕེལ་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དར་ཆ་སྔར་ལས་གསལ་སྟོན་དང་ལངས་ཕྱོགས་སྔར་ལས་བརྟན་དུ་ཕྱིན་པ། ཉེན་ཁ་གལ་ཆེན་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཡིད་ཆེས་སྔར་ལས་ཇེ་ཆེར་ཕྱིན་ཡོད་པ་རེད།
སྤུས་ཚད་ལྡན་པའི་ཞབས་འདེགས་ཞུས། ཕན་འབྲས་ཐོན་པའི་ལས་དོན་བསྒྲུབས།
གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཕྱོགས་གཅིག་ནས་དོ་དམ་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཞབས་འདེགས་ལ་དམ་འཛིན་མཐའ་འཁྱོངས་བྱས་ཏེ། ལས་ཀའི་གྲུབ་འབྲས་དངོས་ལ་སྔར་བས་སྤུས་ཚད་ལྡན་པ་དང་དམངས་འཚོའི་རྒྱུགས་ལེན་པར་སྔར་བས་གཏིང་ཚད་ལྡན་པས། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས“ཁྲིམས་སྒྱུར་ཁྲིམས་འཛིན་གྱི་སྤྱོད་ཚུལ་ལེགས་སུ་བཏང་ནས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་བའི”ལས་འགན་དམིགས་ཚད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ཕྱིར་མིག་ལྟ་བའི་ནུས་པ་ཆེ་རུ་བཏང་ཡོད། དུས་ཚིགས་རེར་སྲིད་ཁྲིམས་སྡེ་ཚན་ཁག་གི་གྱོད་གཞི་བདག་སྤྲོད་དང་ཐག་གཅོད་ལ་ཕྱོགས་སྡོམ་དང་ལེགས་སྒྲིག་བྱས་ནས་དོ་བདག་ལ་འཚམས་ལན་བསློགས་ཏེ་ཁྲིམས་སྒྱུར་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བའི་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་ནས་དྲང་གཞག་དྲང་བདེན་ཚོར་བར་བྱས་པ་རེད།
“དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི”ཁྱབ་ཁོངས་ལ་དམིགས་ཏེ་སྲིད་ཁྲིམས་དཔུང་ཁག་གི་ལྟ་སྐུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ནག་སེལ་གཤེད་བཅོམ་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་ཡོད། གཙོ་གནད་ས་ཁུལ་དང་མངོན་གསལ་དོད་པའི་གནད་དོན་ལ་རྒྱུན་སྐོར་གྲལ་བཤེར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་བདེ་སྣང་ལ་ཤུགས་རྐྱེན་བཟོ་བའི་རྐུ་འཕྲོག་དང་གློག་འཕྲིན་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་ལ་ཕྱོགས་ཡོངས་ནས་རྡུང་རྡེག་བཏང་བ་དང་བཅོས་སྒྲིག་བྱས་ཡོད། འདི་ལོ་ཚུན་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་7རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་12བཟུང་པ། མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་128ཚུར་བླངས་ཡོད། གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དུས་བདེ་འཛུགས་སྐྲུན་ལ་མང་ཚོགས་འདོད་བློ་ཚིམ་མིན་ལྟ་བའི་དམིགས་ཚད་ལ་ལོ་5བསྟུད་མར་99%ཡན་ཟིན་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་ལེན་ཐུབ་ཡོད།
སྤུས་རྟགས་སྤྱད་ནས་ཐབས་ཤེས་བཏོན། འགག་རྩ་བཟུང་ནས་ཤར་གཏོང་བསྲུངས།
གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་འཛུགས་སྐྱོང་ལ་ཁྱབ་པའི་དམར་ཐིག་ཅིག་ཏུ་མཐའ་འཁྱོངས་བརྩིས་ཤིང་། ཞུའེ་ལེང་ལས་སྟེགས་ཡག་པོ་སྤྱད་པའི་རྨང་གཞིའི་ཐོག་གསེར་རྙེད་ཆུས་ཀྱིས“གདོང་ལེན་གསེར་རྙེད”དང“གྲངས་འཛིན་གསེར་རྙེད་ཀྱི་པར་རིས་གཅིག”“ཡིད་རྟོན་གསེར་རྙེད”སོགས་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་སྡོམ་བྱས་པའི་རྩ་ཆེའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། ཏང་འཛུགས་སྐྱོང་གི་ལས་ཀ་གཙོ་བོ་དང་། མང་ཚོགས་ཀྱི་བྱེད་པོ། ཁྲིམས་སྐྱོང་གི་གཙོ་གཉེར། སྤྱི་ཚོགས་ཀྱི་རང་འགུལ། ཞི་མཐུན་གྱི་གཙོ་རྐང་བཅས་མཚོན་བྱེད་དུ་བྱས་པའི་བསམ་ཕྱོགས་བཏོན་པ་དང་། “མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མར་དབང་བའི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ”ལ་དམ་པོར་དམིགས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དར་ཆ་གསལ་སྟོན་དང་གཞི་རིམ་ལ་དམ་འཛིན་ལྷོད་མེད། མི་རིགས་ཁག་གི་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བཅས་ཡོང་བར་བྱས་ཏེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ལེགས་ཆ་ཆེན་པོ་མངོན་ཡོད་པ་རེད།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་17སོང་རིང་ལས་འཛོལ་གང་ཡང་ཐོན་མེད། དེ་ནི་གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལམ་སྲུང་མཉམ་འགོག་གཞུང་དོན་ཁང་གི་བློ་མཐུན་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད།
གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལམ་སྲུང་མཉམ་འགོག་གཞུང་དོན་ཁང་གིས་བདེ་འཇགས་འགན་ལེན་དང་ཤར་གཏོང་འགན་ལེན་བྱེད་པ་ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཨང་དང་པོར་བརྩིས་ནས“གཏུམ་སྤྱོད་འཇིགས་སྐུལ་སྔོན་འགོག་དང་། འབར་གས་སྔོན་འགོག ལས་འཛོལ་སྔོན་འགོག གཏོར་བཤིག་སྔོན་འགོག ལས་འཛོལ་མེད་པ”བཅས་ཀྱི“སྔོན་འགོག་བཞི་དང་མེད་པ་གཅིག”གི་དམིགས་ཚད་གཏན་འཁེལ་བྱས་ཏེ་ལས་དོན་དང་ཐོན་ཁུངས་ཀྱི་སྟོབས་ཤུགས་མཐའ་དག་དམིགས་ཚད་དེར་གཅིག་སྡུད་བྱས་པ་རེད། འདི་ལོ་ཚུན་ཁྱོན་ལམ་ཐག་སྤྱི་ལེ་ཁྲི་127.6ལ་སྐོར་གཡེང་བྱས་པ་དང་། མི་ལྕགས་ལམ་སྐྱོད་པ་དང་འབྲི་གཡག་ལྕགས་དྲར་འཁོན་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་103བསལ་ནས་ལྕགས་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།