གོ་ལ་ཧྲིལ་པོའི་ཆུ་འོད་གསབ་རེས་གློག་ཁང་ཉག་ཆུ་ཧོར་ར་འོད་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ།
ཟླ་6ཚེས་25ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་ཧོར་ར་ཤང་ཧོར་ར་འོད་ཤུགས་གློག་ཁང་ནས་གློག་དྲྭ་མཉམ་འབྲེལ་གྱི་གློག་བཏང་བ་ལས། གོ་ལ་ཧྲིལ་པོ་ནས་ས་བབ་མཐོ་ཤོས་ཀྱི་ཆུ་འོད་གསབ་རེས་ཀྱི་གློག་ཁང་ཆེ་ཤོས་ནས་གློག་དངོས་སུ་གཏོང་འགོ་ཚུགས་པ་མཚོན་གྱི་ཡོད། རྣམ་གྲངས་དེས་གོ་ལ་ཧྲིལ་པོའི“ཆུ་འོད་གསབ་རེས”རྣམ་གྲངས་ཀྱི་ཤུགས་ཚད་ཆན་ཝ་ཁྲི་བརྒྱ་རིམ་པའི་བར་ཆེ་རུ་གཏོང་ཐུབ་པ་དང་། རང་རྒྱལ་གྱི“ཐཱན་གཉིས”དམིགས་ཚད་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ།“ནུས་གཙང་ཐཱང་ཉུང་། བདེ་འཇགས་ནུས་ཆེ”ཡི་དེང་རབས་ནུས་རྒྱུའི་མ་ལག་སྐྲུན་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་ཡོད་པ་རེད།
འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་ཧོར་ར་ཤང་ཧོར་ར་འོད་ཤུགས་གློག་ཁང་ཡིན་པ།
འདི་ནི་ལན་ཧོ་ཁོའུ་ཆུ་ཤུགས་གློག་ཁང་གི་ལྟེ་བའི་ཚོད་འཛིན་ཁང་དུ་ལས་དོན་མི་སྣས་ཆུ་ཤུགས་དང་འོད་ཤུགས་གློག་འདོན་ལ་སྙོམས་སྒྲིག་དང་ལྟ་བཤེར་ཚོད་འཛིན་བྱེད་བཞིན་པ།