རང་ལྗོངས་ཀྱིས“618”ཀྱི་ཉོ་སྒྲུབ་དུས་ཆེན་རིང་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་16.5ཟིན་པ།
ཨོའུ་ཐེ་ཨོའུ་ཡི་གྲངས་གཞི་ལས་མངོན་གསལ། འདི་ལོའི“618”ཉོ་སྒྲུབ་དུས་ཆེན་རིང་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་ཁྲི་165313.8ཟིན་པ་དེ་དུས་མཚུངས་ལས་18.29%འཕར་ཡོད་ཅིང་། དེའི་ནང་དངོས་རྫས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་ཁྲི་141175.4ཟིན་པ་དེས་ལྗོངས་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་གྱི་85.40%བཟུང་ཡོད། འཛད་སྤྱོད་ཀྱི་གདེང་ཚོད་རིམ་བཞིན་ཆེ་རུ་འགྲོ་བ་དང་དེ་བཞིན་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་མང་པོའི་ཁ་གསབ་ཀྱི་སྐུལ་འདེད་འོག་རང་ལྗོངས་ཀྱི་འཛད་སྤྱོད་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་ཡོད།
གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ནང་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་མདུན་གྲལ་གྱི་ཨང་གསུམ་པར་སླེབས་པ་དེས་84.73%དང་། 9.87% 3.17%བཅས་སོ་སོར་ཟིན་ཡོད།
གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཡང་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ཞིང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལ་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་2.3ཟིན་པ་དེ་དུས་མཚུངས་ལས་17.86%འཕར་ཡོད། ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་ལ་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་1.2ཟིན་པ་དེ་དུས་མཚུངས་ལས་26.70%འཕར་ཡོད། ལུས་གསོའི་བཟའ་བཅའ་དང་། སྟབས་བདེའི་བཟའ་བཅའ། དཀར་ཆུའི་ཐོན་རྫས། དབྱར་རྩྭ་དགུན་འབུ། ཤ་སྐམ་པོ་དང་ཤ་བསྙལ་མ། ཀོ་ཤ་སོགས་ཅུང་བྲིན་ཁ་རྒྱུག་པོ་ཡོད།
ཉེ་བའི་ལོ་ཤས་རིང་ཐད་གཏོང་ཟོག་ཚོང་སོགས་ལས་རྣམ་གསར་པའི་འཛད་སྤྱོད་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། ལྗོངས་ཡོངས་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་ལ་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་2.65ཟིན་པར་སིལ་ཚོང་བྱེད་ཚད་ཁྲི་136.1ཟིན་ཡོད།