དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    དུས་རབས་གསར་པ་དང་མཉམ་འདྲེས་བྱས་ནས་གསོན་ཤུགས་གསར་པ་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-25

    ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན་པའི་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་སྣ་མང་ཕུན་སུམ་ཚོགས་པ་དང་རྣམ་པར་བཀྲ་བ་ཞིག་ཡོད། སྔར་ནས་བཟུང་རང་ལྗོངས་ཀྱིས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་དམ་པོར་དམིགས་ནས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་གངས་ལྗོངས་ས་མཐོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་གསོན་ཤུགས་གསར་པ་འཕེལ་ཡོད།

    རིག་གནས་ཐོན་ཁུངས་ལ་ཁྱོན་ཡོངས་རང་བཞིན་གྱི་སྲུང་སྐྱོང་ཐོབ་པ།

    བོད་ཀྱི་རིག་གནས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དམངས་ཁྲོད་ཀྱི་རྩོམ་རིག་དང་། སྲོལ་རྒྱུན་གྱི་ཞབས་བྲོ། སྲོལ་རྒྱུན་གྱི་ཟློས་གར། སྲོལ་རྒྱུན་གྱི་མཛེས་རྩལ་སོགས་ཚུད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་གཏིང་ཟབ་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པ། རྣམ་པ་སྣ་ཚོགས་པ། ཧ་ཅང་རྩ་ཆེན་ཡིན་པ་བཅས་ནི་བོད་མི་རིགས་ཀྱིས་གཙོ་བོར་བྱས་པའི་མི་རིགས་ཁག་ཚང་མའི་བློ་གྲོས་ཀྱི་ཉིང་བཅུད་དང་ཀྲུང་ཧྭ་རིག་གནས་བང་མཛོད་ནང་གི་ངོ་མཚར་ཆེ་བའི་ནོར་བུ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྲུང་སྐྱོང་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་ངང་བེད་སྤྱོད། རྒྱུན་འཛིན་འཕེལ་རྒྱས་བཅས་ཀྱི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་འཛུགས་རྒྱུ་དམིགས་ཡུལ་དུ་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    2006ལོ་ཚུན་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་སྟེ་བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་ལས་དོན་ལ་སྤྱད་ཡོད། མིག་སྔར་རང་ལྗོངས་སུ་གླིང་སྒྲུང་དང་། ལྷ་མོ། བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཁག་3ཡོད་པ་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་106དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96 རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་460 རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་522བཅས་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོའི་ལོ་མཇུག་བར་བོད་ཀྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཉར་ཚགས་ཚན་པ་དང་དེ་བཞིན་མི་སྒེར་1160ལྷག་ཙམ་གྱི་དཔེ་རྙིང་ཡོངས་བཤེར་ཐོ་འགོད་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་པ་དང་། ཡོངས་བཤེར་གྱི་སྤྱི་འབོར་ཁྲི་1.8ཙམ(དེབ་ཁྲི་བཅུ་ལྷག་ཙམ)ཟིན་པ། པར་གཞིའི་དཔེ་དེབ་དང་པར་བརྙན་ཁྲི་9ལྷག་ཙམ་བཟོས་པ། དཔེ་རྙིང་305《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང》ནང་བདེ་བླག་ངང་ཚུད་ཡོད།

    བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཀྱིས་རྩོད་ཐབས་བྲལ་བའི་དོན་དངོས་ལ་བརྟེན་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་བ་ར་སྤྲོད་བྱས་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་བརྒྱུད་རིམ་རང་བཞིན་གྱི་རྒྱུན་འཛིན་ཐོབ་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་འདུ་ཤེས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་ལག་རྩལ་ལ་བརྟེན་ནས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། རྒྱུན་འཛིན་རྟེན་གཞིའི་ཁྲིད་སྦྱོང་གསོ་སྦྱོང་བྱེད་སྒོ་དང་དེ་བཞིན་རྒྱུན་འཛིན་པའི་གསོ་སྦྱོང་ཆུ་ཚད་མཐོ་རུ་བཏང་བ་སོགས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་ཐུབ་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་བརྒྱུད་རིམ་རང་བཞིན་གྱི་རྒྱུན་འཛིན་ཐུབ་ཡོད།

    གཞིས་རྩེའི་ཐང་ག་བཞེང་ཁང་དུ་བློ་བཟང་བསྟན་དར་གྱིས་སློབ་མ་ཚོར་ཞིབ་ཚགས་ངང་སློབ་སྟོན་བྱེད་བཞིན་ཡོད། དེ་གར་ཁོང་རང་ཉིད་ཀྱི་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། ན་གཞོན་དེ་བས་མང་བར་ཐང་ག་བཞེང་བའི་ལས་སྟེགས་ཤིག་ཀྱང་བཏོད་ཡོད།

    བློ་བཟང་བསྟན་དར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐང་ག་བཞེང་ཁང་བཙུགས་ནས་ད་བར་ཐང་ག་བཞེང་མཁན་80ལྷག་ཙམ་གསོ་སྐྱོང་བྱས་པའི་ནང་མང་ཆེ་བ་ནི་ཉེ་འཁོར་གྱི་ཞིང་འབྲོག་པའི་ཁྱིམ་ཚང་ནས་ཡིན། ད་ཆ་མི་40ལྷག་ཙམ་གྱིས་ཐང་ག་དང་འབྲེལ་བ་ཡོད་པའི་ལས་ཀ་བྱེད་བཞིན་ཡོད།

    གྲངས་གཞི་ལས་མངོན་པར། 2022ལོའི་ལོ་མཇུག་བར་རང་ལྗོངས་སུ་ཐང་ག་བཞེང་མཁན་མི་གྲངས་3000ལས་བརྒལ་བ་དང་། ཉེ་འཁོར་གྱི་ཐོན་ལས་མི་སྣ་ཁྲི་ལས་བརྒལ་བ། ཐང་གའི་ལས་ལ་གཞོལ་མཁན་ལྷ་ས་དང་། གཞིས་རྩེ། ཆབ་མདོ། ལྷོ་ཁ་སོགས་སུ་ཁྱབ་པ། བོད་ཀྱི་ཐང་གའི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ལས་བརྒལ་ཡོད།

    ཐང་གའི་ཐོན་ལས་ནི་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་བསྡུས་རིས་ཤིག་ཡིན།

    བོད་ཀྱི་ལོ་གསར་སྐབས་སུ། 2023ལོའི“ལྷ་མོ་འཁྲབ་སྟོན་དུས་ཚིགས”རིང་ལྷ་སའི་ཕུལ་བྱུང་གི་དམངས་ཁྲོད་ལྷ་མོ་རུ་ཁག་མང་པོས་རྫོང་རྒྱབ་ཀླུ་ཁང་དུ་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་འཁྲབ་སྟོན་བྱས་པར་གྲོང་མི་དང་ཡུལ་སྐོར་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་ད་བར་ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར“ལྷ་མོ་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་རིམ་རྩིས་བྱས་ན་ལྷ་མོ་འཁྲབ་སྟོན་ལ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་100ཙམ་བཏང་ནས་ལྷ་མོ་འཁྲབ་ས་དང་། སྒྲ་འཛིན། གྲོང་མི་འཁྲབ་སྟོན་པའི་ལས་ཐེབས་ཆག་པའི་ཁ་གསབ་སོགས་ཀྱི་གཏོང་སྒོ་ཐག་གཅོད་ནུས་ལྡན་བྱས་པས་ལྷ་མོའི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།

    ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ།

    མངོན་མིན་རིག་གནས་ཤུལ་བཞག་དེ་རྟེན་མཛོད་ཁང་ཁོ་ནར་བཞག་པའི་འགྱུར་རྡོ་ཞིག་ཏུ་འགྱུར་མི་རུང་བར་དེང་རབས་ཀྱི་འཚོ་བའི་ཁྲོད་བསྐྱོད་རྒྱུ་ནི་གཞི་ནས་ཕུགས་ཀྱི་རྒྱུན་འཛིན་དང་དངོས་སུ་འཕེལ་རྒྱས་གཏོང་ཐུབ་པའི་བྱ་ཐབས་ཤིག་རེད།

    《འུན་ཤིང་ཀོང་ཇོ》ནི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ཡ་གྱལ་གཅིག་ཡིན་པས་དར་ཁྱབ་ཆེན་པོ་བྱུང་ཡོད། ཉིན་ཤས་གོང་ཆེས་གསར་ཤོས་ཀྱི《འུན་ཤིང་ཀོང་ཇོའི》ལྷ་མོ་དེ་ཝུའུ་ཧན་ལུའོ་ཅཱ་ཧྲན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་ནས་ལྟད་མོ་བར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    བོད་ལྗོངས་ལྷ་མོ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། ཆེས་གསར་ཤོས་ཀྱི《འུན་ཤིང་ཀོང་ཇོའི》ལྷ་མོར་དེང་རབས་ཀྱི་གར་སྟེགས་ཚན་རྩལ་བྱ་ཐབས་སྤྱད་ནས་དུས་རབས་གསར་པའི་ལྟད་མོ་བའི་མཛེས་དཔྱད་ཀྱི་དགོས་མཁོ་བསྐངས་ཡོད། འཁྲབ་ཚན་ཧྲིལ་པོར་སྲོལ་རྒྱུན་གྱི་ལྷ་མོའི་རྣམ་ཐར་དང་གཞུང་རྒྱུན་འཛིན་བྱས་པ་དང་། འཁྲབ་སྟོན་པ་གཙོ་བོ་ཁག་གཅིག་གིས་འཁྲབ་སྟོན་བྱེད་སྐབས་སྲོལ་རྒྱུན་གྱི་ལྷ་མོའི་འབག་གྱོན་མེད་པས་ལྟད་མོ་བར་འཁྲབ་སྟོན་པའི་དེ་བས་གསོན་ཉམས་དོད་པའི་རྣམ་འགྱུར་མཐོང་ཐུབ་པར་བྱས་ཡོད་ཅེས་བཤད།

    སྲོལ་རྒྱུན་གྱི་ལྷ་མོ་རྒྱུན་ཆད་མེད་པར་སྦྱོང་བ་དང་བསྐྱར་དུ་སྒྲིག་བཟོ་བྱས་ཏེ་པར་བརྙན་གྱི་རྣམ་པ་ནས་ཐོ་འགོད་ཉར་ཚགས་བྱས་པས། ལྷ་མོའི་སྒྱུ་རྩལ་ལ་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་ཐུབ་པ་མ་ཟད། འཕེལ་རྒྱས་དང་གསར་གཏོད་ཀྱང་ཐུབ་ཡོད།

    ཐང་ག་ནི་ས་མཐོའི་མི་རིགས་རིག་གནས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཚོན་ཚུལ་ཞིག་ཡིན་ཞིང་། རི་མོ་འབྲི་རྩལ་རྙོག་འཛིང་ཆེ་བ་དང་། རི་མོའི་ནང་གི་སྐུ་བརྙན་གྱི་ཁྱད་ཆོས་དང་བསྡུར་ཚད་ལ་བླང་བྱ་ཧ་ཅང་ནན་པོ་ཡོད་པས་ཚད་གཞི་ལྟར་བཞེང་དགོས་ཀྱི་ཡོད།

    ད་ཆ་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་མི་རྣམས་ཀྱི་འདུ་ཤེས་དང་བསམ་བློར་འགྱུར་ལྡོག་འགྲོ་བ་དང་ཆབས་ཅིག ཐང་ག་བཞེང་མཁན་གྱི་ལག་རྩལ་རྒྱུན་འཛིན་དང་གསར་གཏོད་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།

    སྲོལ་རྒྱུན་ཐང་གའི་ལག་རྩལ་ལ་བརྟེན་ནས་བོད་ཀྱི་དེང་རབས་ཐང་གར་དེང་རབས་ཀྱི་འཚོ་བའི་བརྗོད་བྱ་སྣ་ཚོགས་མངོན་ནས་གནའ་བོའི་སྒྱུ་རྩལ་དེར་དུས་རབས་གསར་པའི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད།

    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ལ། ང་ཚོ་འཛམ་གླིང་རིག་གནས་ཀྱི་གཡོ་འགུལ་ཁྲོད་རྐང་པ་འཛུགས་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་རྩ་བ་འཛིན་པ་ནི་མི་རིགས་ཀྱི་བླ་སྲོག་བསྲུང་རྒྱུ་དེ་ཡིན་ཞེས་ནན་བཤད་ཐེངས་མང་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་དང་སྲིད་གཞུང་གིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་དུས་རབས་གསར་པའི་བོད་ཀྱི་རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།