དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ཕྱི་རྒྱལ་དང་འབྲེལ་བའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པ།

    ཟླ་བ་དང་པོ་ནས་བཞི་པའི་བར་ཕྱི་རྒྱལ་དང་འབྲེལ་བའི་གཏོང་ཡོང་དངུལ་གྲངས་ཨ་སྒོར་དུང་ཕྱུར་1.3ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-25

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཕྱི་དངུལ་དོ་དམ་ཞབས་འདེགས་ཐད་ཀྱི་བོད་ཀྱི་ཕྱི་རྒྱལ་དང་འབྲེལ་བའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    འདི་ལོ་ཚུན་དུ། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་བོད་ལྗོངས་ཡན་ལག་ཅུས་ཀྱིས་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་དང་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། ཁོངས་གཏོགས་ཁུལ་གྱི་ཕྱི་དངུལ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བས་ལྗོངས་ཡོངས་ཀྱི་ཕྱི་རྒྱལ་དང་འབྲེལ་བའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར། ལྗོངས་ཡོངས་ཀྱི་ཕྱི་རྒྱལ་དང་འབྲེལ་བའི་གཏོང་ཡོང་དངུལ་འབོར་ཨ་སྒོར་དུང་ཕྱུར་1.3ཟིན་པ་དང་། དངུལ་ཁང་གི་ཕྱི་དངུལ་འཛའ་བཅད་ཚོང་སྒྱུར་དངུལ་འབོར་ཨ་སྒོར་དུང་ཕྱུར་1.29ཟིན་པ་དེ་དུས་མཚུངས་ལས་62.07%དང་62.99%སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།