དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “གཙོད་ཕྲུག་སྐྱེ་ཡུལ”རྩོ་ནག་མཚོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-24

    འདི་ནི་ཟླ་6ཚེས་17ཉིན་པར་དུ་བླངས་པའི་ཁུ་ཁུ་ཤི་རིའི་རྩོ་ནག་མཚོའི་ཟུར་ཞིག་ཡིན་པ།

    འདི་ནི་གཙོད་ཁྱུ་དང་ཁྱུ་བྱས་ནས་ཁུ་ཁུ་ཤི་རིའི་རྩོ་ནག་མཚོའི་འགྲམ་དུ་རང་དགར་རྒྱུ་བཞིན་པ།

    དབྱར་དུས་སུ་མཚོ་སྔོན་ཞིང་ཆེན་ཁུ་ཁུ་ཤི་རིའི་དཀྱིལ་དུ་ཆགས་པའི་རྩོ་ནག་མཚོ་འཇམ་ཐིང་ངེར་གནས་པ་དང་། དེའི་གངས་རི་དང་། མཚོ། རྩྭ་ཐང་། རི་སྐྱེས་སྲོག་ཆགས་བཅས་ཀྱིས་ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་ཡུལ་ལྗོངས་ཤིག་གྲུབ་ཡོད། རྩོ་ནག་མཚོར“གཙོད་ཕྲུག་སྐྱེ་ཡུལ”ཞེས་འབོད་སྲོལ་ཡོད་པས། ལོ་ལྟར་གྱི་ཟླ་ལྔ་པ་ནས་བདུན་པའི་བར། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། ཤིན་ཅང་གི་རི་བོ་ཨའར་ཅིན་ཧྲན། བོད་ཀྱི་བྱང་ཐང་སོགས་ཀྱི་གཙོད་གཅིག་རྗེས་གཉིས་མཐུད་ངང་རྩོ་ནག་མཚོའི་ས་ཁོངས་སུ་གཙོད་ཕྲུག་སྐྱེ་བར་ཡོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།