དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རོལ་དབྱངས་སྙན་མོ“ངང་དཀར་མཚོ་འགྲམ”དུ་དཀྲོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-24

    འདི་ནི་ཟླ་6ཚེས་19ཉིན། ཨུ་རུ་སུའི་མོ་སི་ཁོ་རྒྱལ་བཙུགས་ཁྲའེ་ཁོ་ཧྥུ་སི་ཅི་རོལ་དབྱངས་སློབ་གླིང་གི་རོལ་དབྱངས་ཚོམས་ཆེན་དུ་ལོ་84ལ་སླེབས་པའི་ཀྲུང་གོའི་ཀང་ཆིན་མཁས་ཅན་ལིའུ་ཧྲི་ཁུན་གྱིས་ཁྲའེ་ཁོ་ཧྥུ་སི་ཅི་རྒྱལ་སྤྱིའི་རོལ་དབྱངས་འགྲན་བསྡུར་སྐབས་17པའི་འགོ་ཚུགས་མཛད་སྒོར་རོལ་དབྱངས་དཀྲོལ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་མོ་སི་ཁོ་རྒྱལ་བཙུགས་ཁྲའེ་ཁོ་ཧྥུ་སི་ཅི་རོལ་དབྱངས་སློབ་གླིང་གི་རྒྱ་ཆེ་བའི་རོལ་དབྱངས་ཚོམས་ཆེན་དུ་ལྟད་མོ་བས་ཁེངས་ཤིང་། གར་སྟེགས་ཀྱི་དབུས་སུ་ལོ་84ལ་སླེབས་པའི་ཀྲུང་གོའི་ཀང་ཆིན་མཁས་ཅན་ལིའུ་ཧྲི་ཁུན་ཀང་ཆིན་གྱི་མདུན་དུ་བསྡད་ནས་མཉམ་དཀྲོལ་རོལ་དབྱངས་ཚོགས་པའི་རམ་འདེགས་འོག ཀང་ཆིན་རོལ་དབྱངས《རྨ་ཆུ》ཁག་གཉིས་པའི《རྨ་ཆུར་བསྟོད་པ》དཀྲོལ་བ་རེད།

    ཚེས་19ཉིན་གྱི་དགོང་མོར། ཁྲའེ་ཁོ་ཧྥུའུ་སི་ཅི་རྒྱལ་སྤྱིའི་རོལ་དབྱངས་འགྲན་བསྡུར་སྐབས་17པ་མོ་སི་ཁོར་འགོ་ཚུགས་ཤིང་། གདན་ཞུས་ལྟར་ལིའུ་ཧྲི་ཁུན་གྱིས་སྐབས་འདིའི་འགྲན་བསྡུར་གྱི་དཔྱད་འདེམས་པའི་འགན་འཁུར་བ་དང་འབྲེལ་འགོ་ཚུགས་མཛད་སྒོར་རོལ་དབྱངས་ཀྱང་དཀྲོལ་བ་རེད།

    ལོ་བཞི་རེར་ཐེངས་རེ་སྤེལ་བའི་ཁྲའེ་ཁེ་ཧྥུ་སི་ཅི་རྒྱལ་སྤྱིའི་རོལ་དབྱངས་འགྲན་བསྡུར་ལ“གནའ་བོའི་རོལ་དབྱངས་ལས་རིགས་ཀྱི་ཨོ་ལིམ་ཕིག”ཅེས་བརྗོད་ཀྱི་ཡོད་ཅིང་། འདི་ལོའི་འགྲན་བསྡུར་ལ་ཀང་ཆིན་དང་། ཨོག་ལེན། ཨོག་ལེན་ཆེ་བ། མགྲིན་དབྱངས། ཤིང་སྦུག་རོལ་ཆ། ཟངས་སྦུག་རོལ་ཆ་བཅས་རིགས་དྲུག་ཚུད་པ་དང་། རྒྱལ་ཁབ་23གྱི་བདམས་ཐོན་པ་236གིས་རོལ་དབྱངས་བྱ་དགའ་འགྲན་རྩོད་བྱས་པ་རེད།

    “ང་ཨུ་རུ་སུའི་རོལ་དབྱངས་ལ་ཧ་ཅང་དགའ་པོ་ཡོད་ལ་ཨུ་རུ་སུའི་ཉན་མཁན་གྱིས་ང་ལ་སྙིང་ཉེ་བའི་སྣང་བ་སྦྱིན། དེ་སྔོན་ངས་མོ་སི་ཁོ་རྒྱལ་བཙུགས་ཁྲའེ་ཁོ་ཧྥུ་སི་ཅི་རོལ་དབྱངས་སློབ་གླིང་དུ་ཟབ་སྦྱོང་བྱེད་མྱོང་ཡོད་པའི་ཁར། རྒྱལ་ནང་དུའང་སུའུ་ལེན་གྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་ཀང་ཆིན་སྦྱོང་མྱོང་ཡོད། ཡུལ་ལུང་འདིར་བརྩེ་དུང་ཟབ་མོ་ཡོད”ཅེས་ཁོང་གིས་བརྗོད།

    འགོ་ཚུགས་མཛད་སྒོར་དཀྲོལ་བའི་བརྩམས་ཆོས་གཉིས་ཀྱི་སྐོར་གླེང་སྐབས། ལིའུ་ཧྲི་ཁུན་གྱིས“རོལ་དབྱངས་འདི་གཉིས་ལས་ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་མཚོན་གྱི་ཡོད། ངས་འདི་དག་ཨུ་རུ་སུའི་ཉན་མཁན་ཚོར་བརྒྱུད་སྤྲོད་བྱས་ནས་ཁོ་ཚོས་ཀྲུང་གོའི་རོལ་དབྱངས་ལ་སྔར་བས་རྒྱུས་མངའ་ཡོང་བར་བྱེད་ཀྱི་ཡིན”ཞེས་བརྗོད།

    ལིའུ་ཧྲི་ཁུན་གྱིས་ངོས་འཛིན་བྱས་དོན། རོལ་དབྱངས་ལ་རྒྱལ་མཚམས་མེད་ཅིང་། དེར་མི་དམངས་ཀྱི་བར་ཐག་ཉེ་རུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། འགལ་ཟླ་སེལ་བ་བཅས་ཀྱི་ཐད་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་དང་ནུས་པ་ལྡན་ཡོད།

    ལིའུ་ཧྲི་ཁུན་གྱིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་རོལ་དབྱངས་རིག་གནས་སྤེལ་རེས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པར་དཔང་པོ་བྱས་པ་མ་ཟད། དེ་བས་ཀྱང་ཐོག་མཐའ་བར་གསུམ་དུ་རང་ཉིད་ངོ་མས་ནུས་ཤུགས་བཏོན་ནས་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། ཟླ་7ཚེས་1ཉིན་ལིའུ་ཧྲི་ཁུན་གྱིས་ད་དུང་ཀྲུང་གོའི་རོལ་དབྱངས་མཁས་ཅན་གྱི་སྣེ་ཁྲིད་དེ་ཁྲའེ་ཁོ་ཧྥུ་སི་ཅི་རོལ་དབྱངས་སློབ་གླིང་དུ་རོལ་དབྱངས་འདུ་ཚོགས་གཉེར་ནས་ཀྲུང་གོའི་རོལ་དབྱངས་མཁས་ཅན་སྔར་བས་མང་བ་ཞིག་ཨུ་རུ་སུའི་ཉན་མཁན་ལ་ངོ་སྤྲོད་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།