དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷུན་གྲུབ་རྫོང་གིས་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འབྲེལ་གཏུག་ཞབས་ཞུ་ལྟེ་གནས་ཐོག་མ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-23

    སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་འཚར་ལོངས་ཡོང་བར་སྔར་བས་སྐུལ་འདེད་བཏང་སྟེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་སྲིང་གཞུང་དང་ཁེ་ལས་དབར“སེམས་སྦྲེལ་ཟམ་པ”ཡག་པོ་སྐྲུན་ཆེད། ཉེ་ཆར། ལྷུན་གྲུང་རྫོང་དམངས་གཉེར་དཔལ་འབྱོར་འབྲེལ་གཏུག་ཞབས་ཞུ་ལྟེ་གནས་ལྷུན་གྲུབ་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་དངོས་སུ་བཙུགས་པ་དང་། དེ་ནི་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འབྲེལ་གཏུག་ཞབས་ཞུ་ལྟེ་གནས་ཐོག་མ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་གྲུབ་རྫོང་དམངས་གཉེར་དཔལ་འབྱོར་འབྲེལ་གཏུག་ཞབས་ཞུ་ལྟེ་གནས་བཙུགས་པ་ནི་ལྷུན་གྲུབ་རྫོང་གིས་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི《དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། དེ་བཞིན་ཚོང་གཉེར་ཁོར་ཡུག་དང་ཚོང་འགུག་མ་འདྲེན་སྔར་བས་ལེགས་སུ་གཏོང་བའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཞབས་ཞུ་ལྟེ་གནས་ཀྱི་འགན་འཁྲི་ནི“ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ”དམིགས་ཡུལ་དུ་བྱས་ཏེ། རྫོང་རིམ་པའི་འགོ་ཁྲིད་ཀྱིས“སྒོ་རྩར་བསྐྱོད་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི”འབྲེལ་གཏུག་འབྲེལ་མཐུད་ལམ་སྲོལ་དང་ཁེ་ལས་དང་འབྲེལ་བའི་སྡེ་ཚན་གྱི་མཉམ་འབྲེལ་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་། ཁྲིམས་འཛིན་ལས་ཁུངས་དང་། སྒྲིག་བཤེར་ལྟ་སྐུལ་ལས་ཁུངས། ཁྲིམས་རྩོད་པའི་ཚོགས་པ་བཅས་དང་མཉམ་ལས་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་ལམ་སྲོལ་འཛུགས་པ། ཁེ་ལས་དང་འབྲེལ་བའི་སྲིད་ཇུས་ཆ་འཕྲིན་འབྲེལ་མཐུད་དང་དབྱེ་ཞིབ་བརྡར་གཅོད་ལམ་སྲོལ་བཙུགས་ནས་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འགུལ་ཞབས་ཞུ་དང་། ཡིག་འབུལ་ཞུ་བཅར་མཐུན་སྦྱོར། ཞུ་གཏུག་སྒྲུབ་གཉེར་སོགས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་འཛུགས་པ། འགལ་ཟླ་དང་རྩོད་གཞི་སྣ་མང་འདུམ་འགྲིག་བྱེད་པའི་མཉམ་སྒྲུབ་ལམ་སྲོལ་འཛུགས་པ་བཅས་བྱེད་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།