དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གློག་ཤུགས་མ་ལག་གསར་པའི་ལག་རྩལ་གསར་གཏོད་ལྟེ་གནས་མཚོ་སྔོན་ཞིང་ཆེན་དུ་བསྐྲུན་པར་ཆོག་མཆན་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-23

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་20ཉིན་གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་མ་ལག་གསར་པའི་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་འཛུགས་སྐྲུན་ཇུས་གཞིར་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་བཀའ་མཆན་ཐོབ་ཡོད་ཅིང་། དེ་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གློག་ཤུགས་མ་ལག་གསར་པའི་ལག་རྩལ་གསར་གཏོད་ལྟེ་གནས་ཐོག་མ་དེ་རེད།

    འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཛུགས་སྐྲུན་བཀོད་སྒྲིག་དང་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་འཐབ་ཇུས་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་སྣེ་ཁྲིད་ནས་སྣེ་འདྲེན་རྐང་འཛིན་ཁེ་ལས་དང་དེ་བཞིན་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་སོགས་ལེགས་ལྡན་ཚན་ཞིབ་སྟོབས་ཤུགས་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་མ་ལག་གསར་པའི་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་པར་འཆར་འགོད་བྱས་ཡོད། འཆར་འགོད་བྱེད་རིང་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་མཉམ་སྐྲུན་ཚན་པ་དང་མཉམ་དུ་ད་ཡོད་ཀྱི་གསར་གཏོད་ཐོན་ཁུངས་དང་། རྨང་གཞིའི་ཆ་རྐྱེན། སྙན་ཞུ་འབུལ་བའི་ལེགས་ཆ་བཅས་ཕྱོགས་ཡོངས་ལ་གསེད་བཀྲོལ་བྱས་ཏེ་ལྟེ་བའི་ངེས་གནས་དང་དམིགས་ཚད་ལས་འགན་ཁ་གསལ་བཟོ་བ་དང་། འཛུགས་སྐྲུན་གྱི་ཇུས་གཞི་བཟོ་བ། ཞིབ་འཇུག་ལ་གྲོས་བསྡུར་ཐེངས་མང་བཅས་བྱས་ནས་རྣམ་གྲངས་ལ་ཆོག་མཆན་ཐོབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཟླ་6ཚེས་13ཉིན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་སྣེ་ཁྲིད་སྒྲིག་འཛུགས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་མ་ལག་གསར་པའི་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་པར་དངོས་སུ་ཆོག་མཆན་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།