དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཉི་མ་རྫོང་གི་ཡུལ་སྐོར་དྲིལ་བསྒྲགས་དང་ཚོང་འགུགས་འོས་སྦྱོར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-23

    འདི་ནི་2023ལོའི་ཟླ་6ཚེས་20ཉིན་གྱི་ཕྱི་དྲོར། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་སུ་བོད་ལྗོངས་ནག་ཆུ་ཉི་མ་རྫོང་གི་ཡུལ་སྐོར་དྲིལ་བསྒྲགས་དང་ཚོང་འགུགས་འོས་སྦྱོར་བྱེད་སྒོའི་སྐུ་མགྲོན་དང་ཉི་མ་རྫོང་གི་བོད་རིགས་སྤུན་ཟླས་ས་གནས་ཀྱི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་2023ལོའི་ཟླ་6ཚེས་20ཉིན་གྱི་ཕྱི་དྲོར། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་སུ་ཉི་མ་རྫོང་དང《ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར》དབར་གྱི་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་འབྲེལ་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་བཞིན་པ།

    2023ལོའི་ཟླ་6ཚེས་20ཉིན་གྱི་ཕྱི་དྲོར། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི“རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ངོམ་པ་མཐའ་འཁྱོངས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པའི”བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་དེའི་རྨང་གཞིའི་ཐོག་ཉི་མ་རྫོང་གི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་ཐོན་ཁུངས། མི་ཆོས་རིག་གནས་དང་ལོ་རྒྱུས། དམངས་སྲོལ་ཆོས་ལུགས་སོགས་དང་འབྲེལ་བའི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་ཡག་པོ་བྱ་ཆེད། ཀྲུང་གུང་ཉི་མ་རྫོང་ཨུད་དང་ཉི་མ་རྫོང་མི་དམངས་སྲིད་གཞུང་གིས《ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར》དུས་དེབ་དང་མཉམ་དུ་བོད་ལྗོངས་ནག་ཆུ་ཉི་མ་རྫོང་གི་ཡུལ་སྐོར་དྲིལ་བསྒྲགས་དང་ཚོང་འགུགས་འོས་སྦྱོར་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།