དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-23

    ཚེས་21ཉིན་གྱི་ཕྱི་དྲོ། དུས་ཡུན་ཉིན་གསུམ་གྱི་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཀང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཝང་ཀང་གིས། ཨུ་ཡོན་རྣམ་པས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། དཔེ་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མིག་དཔེ་འདོན་པ། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ལས་འགན་གསར་པ་འགོ་འཛུགས་ས་གསར་པར་བྱེད་པ། འགྲན་སློང་གསར་པ་སྒུལ་ཤུགས་གསར་པར་འགྱུར་བ་བྱེད་པ། དངོས་སྒྲུབ་ཡར་བརྩོན། འགན་འཁྲི་འཁུར་བ། གསར་འབྱེད་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཨུ་ཡོན་ཚོས། སློབ་སྦྱོང་དང་གསོ་སྦྱོང་གི་གྲུབ་འབྲས་དེ་འགན་འཁྲི་སྒྲུབ་པའི་བསམ་ཕྱོགས་དང་བྱ་ཐབས་དང་གྲོས་མོལ་སྲིད་གླེང་གི་འཇོན་ཐང་དུ་འགྱུར་བ་བྱས་ནས“སྲིད་གྲོས་ཤེས་རྟོགས་དང་། གྲོས་མོལ་ཤེས་པ། སྲིད་དོན་བགྲོ་གླེང་ལ་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། གཤིས་སྤྱོད་ལ་མཐོང་ཆེན”བཅས་ཀྱི་བླང་བྱ་ལྟར་ཆབ་སྲིད་ཀྱི་སྟངས་འཛིན་འཇོན་ཐང་དང་། བརྟག་དཔྱད་ཞིབ་འཇུག་གི་འཇོན་ཐང་། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འཇོན་ཐང་། མཉམ་ལས་ཀྱི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།