དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ཁེ་ལས་35ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་རྟགས་དུས་ཆེན་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-23

    ཟླ་6ཚེས་16ནས་19ཉིན་བར། ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་རྟགས་དུས་ཆེན་སྐབས་བཅུ་གསུམ་པ་ཏུང་ཀོན་དུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བོད་ལྗོངས་གོ་ལའི་གླེང་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ལྷ་ས་ས་གཙང་ཐོན་རྫས་འགྲེམས་ཚོང་ཚད་ཡོད་ཀུང་སི་སོགས་ལྗོངས་ཡོངས་ཀྱི་ཁེ་ལས་35ཡི་ཐོན་རྫས་གྲགས་ཅན་རིགས་120ལྷག་ཙམ་འགྲེམས་སྟོན་ལ་ཞུགས་པ་དང་དེའི་དམིགས་ཡུལ་ནི་ཚོང་རྟགས་སྤུས་རྟགས་དུས་ཆེན་གྱི་སྤེལ་རེས་ལས་སྟེགས་ལ་བརྟེན་ནས་སྤྱི་ཚོགས་རྩ་འཛུགས་དང་། ཁེ་ལས་ལས་རིགས། རིག་གཞུང་ལས་རིགས་བཅས་དང་མཉམ་དུ་ཚོང་རྟགས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ལ་གྲོས་བསྡུར་དང་ཚོང་རྟགས་ཀྱི་གླེང་མང་བའི་དཀའ་གནད་ལ་དོ་ཁུར་བྱས་ཏེ་ཚོང་རྟགས་སྤུས་རྟགས་ལ་ལྟ་འདོམས་བྱེད་པའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱ་རྒྱུ་དེ་རེད།

    བོད་ཀྱི་འགྲེམས་ཁུལ་དུ་ཁེ་ལས་ཀྱིས་དྲིལ་བསྒྲགས་བརྙན་ལམ་སྟོན་པ་དང་། སྤུས་རྟགས་འགྲེམས་སྟོན་བྱེད་པ། ཐོན་རྫས་ལ་འགྲེལ་བཤད་རྒྱག་པ། ས་གནས་ས་ཐོག་ཏུ་ཉམས་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བོད་ཀྱི་སྤུས་རྟགས་ཕྱོགས་ཡོངས་ནས་མངོན་པ་དང་། རང་ལྗོངས་ཀྱི་ཚོང་རྟགས་སྤུས་རྟགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ། བོད་ཀྱི་སྤུས་རྟགས་མིང་བྱང་སྔར་བས་སྐད་གྲགས་ཆེ་རུ་གཏོང་བ་བཅས་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་རྟགས་སྤུས་རྟགས་ནུས་ལྡན་སྤྱོད་པ་དང་ཁྲིམས་ལྟར་སྲུང་སྐྱོང་གཙོ་གནད་དུ་བྱེད་པ་དང་བོད་ཀྱི་སྤུས་རྟགས་ཀྱི་འགྲན་ནུས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལག་བསྟར་ལས་དོན་གྱི་འདུ་ཤེས་དང་བྱེད་ཐབས་གསར་གཏོད་བྱས་ནས་ཁེ་ལས་ཀྱིས་རང་རྟེན་དང་། ཁྲོམ་རས་གཙོ་ཁྲིད། སྲིད་གཞུང་གིས་སྐུལ་འདེད། ལས་རིགས་ལ་སྐུལ་གཏོང་། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ཚོང་རྟགས་སྤུས་རྟགས་འཐབ་ཇུས་ལས་དོན་གྱི་རྣམ་པ་ཧུར་ཐག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།