དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས།

    གཞིས་རྩེའི་ཡུལ་སྐོར་ཚོང་གཉེར་རྣམ་གྲངས་26ལ་གན་རྒྱ་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-23

    ཟླ་6ཚེས་19ཉིན། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་ཚོང་གཉེར་ཁྱབ་གདལ་ཚོགས་འདུ་འཚོགས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཚོགས་ཆེན་ཚོགས་པའི་ཉིན་དེ་རང་ལ་ཁྱོན་རྣམ་གྲངས་26ལ་གན་རྒྱ་བཞག་པར་མ་དངུལ་བསྡོམས་སྒོར་དུང་ཕྱུར་6.85ཟིན་ཡོད།

    ད་རེས་ཀྱི་ཚོགས་ཆེན་བརྒྱུད་ཅི་ལིན་ཞིང་ཆེན་ཡུལ་སྐོར་མ་རྐང་ཚོད་འཛིན་ཚོགས་པ་དང་། དབན་ཏ་གསོལ་མགྲོན་ཁང་དང་དེའི་སྤྲོ་གསེང་གྲོང་ཚོ། ཧེ་ལུང་ཅང་གི་ཀྲུང་གོ་གཞོན་ནུའི་ཡུལ་སྐོར་ལས་དོན་ཁང་། བོད་ལྗོངས་མཁའ་འགྲུལ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི། བོད་ལྗོངས་ཧྲེང་ཞུང་ཁེ་ལས་ཚོགས་པ། བོད་ལྗོངས་སི་ཐུང་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་སི། ཁང་ཧུའེ་ཡུལ་སྐོར་ཚོགས་པ་ཧྲན་ཏུང་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་། བོད་ལྗོངས་ཕུན་ཚོགས་ཁང་བཟང་གསོལ་མགྲོན་ཁང་དོ་དམ་ཚད་ཡོད་ཀུང་སི། བོད་ལྗོངས་བོད་སྐོར་ཡུལ་སྐོར་ཚད་ཡོད་ཀུང་སི་སོགས་ལྗོངས་ཕྱི་ནང་གི་ཕུལ་བྱུང་གི་ཡུལ་སྐོར་དང་འབྲེལ་བའི་ཁེ་ལས་འབོར་ཆེན་གཞིས་རྩེར་མ་འཇོག་ལས་དར་བྱེད་པར་ཡོང་ཡོད།

    ད་ཐེངས་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་ཚོང་གཉེར་ཁྱབ་གདལ་ཚོགས་ཆེན་ཐོག་ཁྲུན་ཆིའུ་ཚོགས་པ་ཀུང་སིས་ཁྱོན་གྲོས་མཐུན་3ལ་མིང་རྟགས་བཀོད་པ་སྟེ། འདི་ལོར་གཙང་གླས་གནམ་གྲུ་15འཕུར་ཐུབ་པ་དང་། ཡུལ་སྐོར་ལས་དོན་ཁང་བཙུགས་ནས་གཞིས་རྩེའི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྩིས་ཡོད་པ། མཛེས་ལྗོངས་ཁུལ་གྱི་གསར་སྤེལ་འཆར་འགོད་དང་ཚབ་གཉེར་གཉེར་སྐྱོང་ནང་ཞུགས་པ་བཅས་རེད།

    ཞེ་ཁྲེང་ཚོགས་པའི་ཙུང་ཚའེ་གཞོན་པ་ཀྲང་ཤུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཞེ་ཁྲེང་མཉེན་ཆས་ཀྱི་གྲངས་གཞི་ལས་མངོན་པར། འདི་ལོ་ཚུན་དུ་དྲ་ཐོག་ནས་གཞིས་རྩེའི་ཡུལ་སྐོར་སྤ་སེ་སྔོན་མངགས་བྱེད་མཁན་མི་ཐེངས་2019ལོ་ལས་108.25%འཕར་བ་དང་དྲ་ཐོག་གི་ཡུལ་སྐོར་འཛད་སྤྱོད་དངུལ་འབོར་2019ལོ་ལས་146.72%འཕར་ཡོད། དྲ་ཐོག་ནས་བོད་ལྗོངས་ཡུལ་སྐོར་ལམ་ཐིག་གི་སྤ་སེ་ཉོ་མཁན་མང་བའི་མདུན་གྲལ་བཅུར་སླེབས་པའི་སྤ་སེ་ཚང་མ་གཞིས་རྩེ་ཡིན་པ་དེ་ཐོག་ནས་གཞིས་རྩེ་ནི་བོད་དུ་ཡུལ་སྐོར་བྱེད་པའི་དམིགས་ས་གཙོ་བོ་ཞིག་ཏུ་གྱུར་པ་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།