དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལྗང་མདོག་འཕེལ་རྒྱས་ལས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་འཕེལ་རྒྱས་ནུས་པ་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-22

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་15ནས་18ཉིན་བར་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་ཐོག་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོང་པས་མཚོ་སྔོན་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་རྣམ་པ་ཉམས་སུ་མྱངས་ཏེ་ཕྱོགས་ཁག་གི་མཉམ་ལས་གཉིས་ཕན་གྱི་འཕེལ་རྒྱས་འཆར་གཞི་བཀོད་ཡོད།

    འགྲེམས་ཚོགས་གཉེར་ཐེངས་རེ་རེ་ནི་གོ་སྐབས་རེ་རེ་ཡིན། གདན་ཞུས་ལྟར་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཞུགས་པའི་སྐོར་གླེང་སྐབས། ནང་སོག་པའོ་ཐོའུ་གྲོང་ཁྱེར་ཁའེ་ཡན་དར་སྲོལ་ཁུལ་ལས་ཚད་ཡོད་ཀུང་སིའི་འགྲེམས་ཞུགས་ཚོང་པ་ཕན་ཧྲུའུ་ཅུན་གྱིས“འདི་ལོའི་ཟླ་4པར་ང་ཚོས་ཧའེ་ནན་ཞིང་ཆེན་དུ་འཛད་རྫས་དངོས་མང་སྟོན་ཚོགས་ལ་ཞུགས་པ་ཡིན། སྐབས་དེ་དུས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འགོ་ཁྲིད་ཀྱིས་ང་ཚོའི་འགྲེམས་ཁང་དུ་ལྟ་སྐོར་བྱས་རྗེས་སྤྲོ་སེམས་འཁོལ་པོས་སྐབས་འདིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་ལ་གདན་དྲངས་ནས་ང་ཚོའི་འབྲེལ་གཏུག་ཁ་པར་ཨང་གྲངས་ཉར་སོང་། ད་རེས་ང་ཚོ་གདན་ཞུས་ལྟར་ནང་སོག་གི་འགྲེམས་ཚོང་པ་དང་མཉམ་དུ་ཟི་ལིང་དུ་ཡོང་བས་བཀའ་དྲིན་ཚོར་བྱུང་ལ་སེམས་འགུལ་ཡང་ཚད་མེད་ཐེབས་བྱུང་”ཞེས་བཤད། ཟི་ལིང་དུ་མ་ཡོང་གོང་གི་རྒྱུས་མངའ་མེད་པ་དང་བློ་མི་བདེ་བ་དག་འགྲེམས་ཚོགས་འཚོགས་ནས་ཉིན་བཞི་སོང་རྗེས་ཡིད་ཆེས་དང་རེ་སྒུག་ཏུ་གྱུར་ཡོད།

    སྐྱེ་ཁམས་དངོས་མང་སྟོན་ཚོགས་ཀྱི“ཚོམས་ཆེན”འདིར་བརྟེན་ནས་མཚོ་སྔོན་གྱིས་གྲོགས་ཚོགས་རིམ་བཞིན་ཆེ་རུ་བཏང་ཞིང་། ད་ཐེངས་འགྲེམས་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་སྐུ་མགྲོན་གྱི་གྲངས་འབོར་དེ་སྔ་ལས་མང་དུ་དང་རིམ་པ་སྔར་བས་མཐོ་རུ་ཕྱིན་ནས། སྐབས་རིམ་བྱུང་གི་ཨང་དང་པོ་ཡིན་པས་རྒྱལ་སྤྱིའི་རང་བཞིན་སྔར་བས་མངོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཚོང་དོན་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱི་རྒྱལ་གྱི་སྒྲིག་གཞིའི་འཐུས་ཚབ་11ཚོགས་འདུར་ཞུགས་པའམ་ཡང་ན་བརྙན་ལམ་ནས་ཤིས་ཚིག་བསྒྲོན་ཡོད། ཕྱི་རྒྱལ་གྱི་ཁེ་ལས་14ཡིས་ལྗང་མདོག་ཐོན་རྫས་འགྲེམས་སྟོན་བྱས་ནས་གོ་ལ་ཧྲིལ་པོའི་ས་གདན་ཐོན་སྐྱེད་རྒྱལ་ཁབ་གཙོ་བོར་ཕྱོགས་ཏེ་དབྱི་རན་དང་། རྒྱ་གར། ཕ་ཁི་སི་ཐན། ནེ་པ་ལ། ཨ་ཧྥུ་ཀ་ནི་སི་ཐན། ཧ་སག་སི་ཐན། ཐུར་ཁེ་སོགས་རྒྱལ་ཁབ་11གི་ཁེ་ལས་67སྒྲིག་འཛུགས་བྱས་ནས་བོད་རུམ་འགྲེམས་སྟོན་ལ་ཞུགས་ཡོད། སྐབས་འདིའི་འགྲེམས་ཚོགས་ལ་ད་དུང“སྒོ་མོ་འབྱེད”ནས་འགྲེམས་སྟོན་གཉེར་བའི་འདུ་ཤེས་གང་ལེགས་མངོན་པར་བྱས་ཏེ་རང་འགུལ་ངང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་འགྲེམས་ཚོགས་ལ་ཞུགས་རྒྱུར་གདན་དྲངས་པའི་ནང་མཚོ་སྔོན་ཞིང་ཆེན་ཚུད་པའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31འགྲེམས་ཚོགས་ལ་ཞུགས་ཡོད།

    མཚོ་སྔོན་གྱི་སྐྱེ་ཁམས་ཐོན་རྫས་འགྲེམས་ཁུལ་དུ་འགྲེམས་ཚོགས་ལ་ཞུགས་མཁན་ཚོས“མཚོ་སྔོན་རྟགས་ཅན”གྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་རྫས་ལ་བསྔགས་བརྗོད་ཆེན་པོ་བྱེད་པ་དང་། མཚོ་སྔོན་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པའི་འགྲེམས་ཁུལ་དུ་གསོན་ཉམས་དོད་པའི་སྲོག་ཆགས་དང་རྩི་ཤིང་གི་མ་དཔེར་འགྲེམས་སྟོན་ལ་ཞུགས་མཁན་ཚོའི་ཡིད་དབང་འཕྲོག་ཅིང་། དེ་ནི་འགྲེམས་ཚོགས་གཉེར་ཚུན། སྲོག་ཆགས་དང་རྩི་ཤིང་གི་མ་དཔེ་དང་སོན་རྒྱུའི་ཐོན་ཁུངས་དངོས་རྫས་ཀྱི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་གི་ཕན་འབྲས་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་ཡིན།

    འགྲེམས་ཚོགས་གཉེར་ཐེངས་རེར“ལྗང་མདོག”གི་འབྲས་བུ་ཐོན་པ། གན་རྒྱ་བཞག་པའི་རྣམ་གྲངས་10དང་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་10ལས་བརྒལ་བ་སོགས་སྐབས་འདིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་ཐོག་ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་སྐྱེ་ཁམས་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་དང་སྐྱེ་ཁམས་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་བཏང་བས། ལེགས་ཆ་གསབ་རེས་དང་ཐོན་ལས་ལ་སྐུལ་འདེད་གཏོང་རེས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    ད་ཐེངས་གན་རྒྱ་བཞག་པའི་རྣམ་གྲངས་དག་ས་གནས་གཉིས་ཀྱི་གླིང་ཁུལ་གྱི་འཐབ་ཇུས་མཉམ་ལས་དང་། འོད་ཤུགས་གསོག་ནུས། ཚོང་ཟོག་ཉོ་ཚོང་། ཞིང་ལས་ཐོན་རྫས་ཉོ་སྒྲུབ། གྲངས་འཛིན་ཁྱིམ་ལས། རྒྱང་ཁྲིད་སྨན་བཅོས། ལག་རྩལ་ལ་རྒྱབ་སྐྱོར་ཞབས་འདེགས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། གཞན་ཡང་ཁེ་ལས་མང་པོ་ཞིག་གིས་འོད་ཤུགས་གློག་ཁང་གི་སྒྲིག་ཆས་མཁོ་འདོན་དང་། ཆ་འཕྲིན་མ་ལག་འཛུགས་སྐྲུན། འབྲུ་སྣུམ་ལས་སྣོན་ཞིབ་ཚགས། མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཉོ་སྒྲུབ་སོགས་ལ་ངོ་འཕྲད་གྲོས་མོལ་བྱས་པ་དང་འབྲེལ་གྲུབ་འབྲས་ཀྱང་རགས་ཙམ་ཐོབ་ཡོད།

    འགྲེམས་ཚོགས་གཉེར་ཐེངས་རེར“ལྗང་མདོག”རིག་ལྡན་ལེགས་སྐྱེས་ཕུལ་བ། སྐབས་འདིའི་དངོས་མང་སྟོན་ཚོགས་སུ“སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་དགོས”ཞེས་པའི་གཙོ་དོན་གླེང་སྟེགས་དང་། 2023ལོའི་སྐྱེ་ཁམས་ཤེས་དཔལ་གྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གླེང་སྟེགས། དྲ་ཐོག་ཚོང་དོན་ལྗང་མདོག་འཕེལ་རྒྱས་ཀྱི་ཚོགས་ཆེན། ཚན་རྩལ་གསར་གཏོད་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་འདེགས་སྐྱོར་བྱེད་པའི་གླེང་སྟེགས་སོགས་གླེང་སྟེགས་ཀྱི་བྱེད་སྒོ་གལ་ཆེན་སྤེལ་ཞིང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་མཉམ་དུ་འཛོམས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཉམས་མྱོང་དང་བྱེད་ཐབས་ཐུན་མོང་ཐོག་གླེང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལམ་བུ་ཐུན་མོང་ཐོག་བཏོད་ཡོད།

    སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞིང་། ད་ཆའི་མཚོ་སྔོན་གྱིས་གོམ་པ་རེ་རེ་བཞིན་སྤོས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།