དབུ་ཤོག
  • ཁ་ལོ་བ་ཚོ། ལམ་འདི་ནས་གནས་སྐབས་མོ་ཊ་གཏོང་གི་མི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2023-06-21

    ཆར་པ་བབས་པའི་རྐྱེན་གྱིས། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁོངས་གཏོགས་ཀྱི་རྒྱལ་ལམ་318ཀྱི་སྤྱི་ལེ་4729ནས་སྤྱི་ལེ་4731བར་གྱི་(རིན་སྤུངས་རྫོང་བྱེ་བ་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ནས་ཐོག་ཤར་ཟམ་ཆེན་བར)ལམ་དུམ་དུ་འདམ་རྡོའི་ཆུ་རུད་ཐོན་ནས་གཞུང་ལམ་འགག་འདུག དེར་བརྟེན། མིག་སྔར་འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་གཞུང་ལམ་གཤོང་བཞིན་ཡོད་པ་དང་། རིན་སྤུངས་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་2023ལོའི་ཟླ་6ཚེས་20ཉིན་གྱི་ཆུ་ཚོད་23དང་སྐར་མ་30ནས་ལམ་དུམ་དེའི་ཕྱོགས་གཉིས་ཀ་ནས་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག དེས་ན་རྒྱ་ཆེའི་ཁ་ལོ་བས་ཕྱིར་སྐྱོད་ཀྱི་དུས་ཚོད་ལ་བཀོད་སྒྲིག་འོས་འཚམས་བྱེད་གནང་ཡོད་པ་ཞུ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།