དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-21

    སྔར་ནས་བཟུང་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཧུར་ཐག་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཁྱད་ཆོས་འདོན་སྤེལ་དང་། གཞུང་འཁྱོངས་གསར་འབྱེད། དཔུང་ཁག་འཛུགས་སྐྱོང་། སྤེལ་རེས་དང་དཔྱད་གཞིར་འཛིན་པ་བཅས་བྱས་ནས་བོད་ལུགས་གསོ་རིག་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས“གསར་གཏོད་རྒྱུན་འཛིན་དང་། དམངས་ལ་ཕན་པ་འདོགས་པའི”འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས་བོད་ལུགས་གསོ་རིག་གིས་གཙོ་བོ་བྱེད་པའི་ནུས་པ་གཏན་འཁེལ་ཁ་གསལ་བྱེད་པ་དང་། “ཁྱད་ཆོས་ལྡན་པའི་སྨན་ཁང་སྐྲུན་པ་དང་། ཚན་རྩལ་ལ་བརྟེན་ནས་སྨན་ཁང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་སྨན་ཁང་དར་རྒྱས་གཏོང་བ། ཆེད་ལས་ཚན་ཁག་ལ་བརྟེན་ནས་སྨན་ཁང་འཛུགས་པ། རིག་གནས་ལ་བརྟེན་ནས་སྨན་ཁང་སྐྱོང་བ”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་གཏན་འཁེལ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། སྲོལ་རྒྱུན་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་རྨང་གཞིར་བྱེད་པ། དེང་རབས་ཀྱི་ཚན་རིག་ལག་རྩལ་སྤྱོད་པ་བཅས་བྱས་ཏེ་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས་ཁག་31དང་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་ཁག་110ཡི་འགན་ཁུར་བ་མ་ཟད། བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་གནའ་གཞུང་1300ལྷག་ཙམ་མྱུར་སྐྱོབ་དང་འཚོལ་བསྡུ་བྱས་ཡོད།

    གཞན་ཡང་། བྱེད་པོའི་ཚན་པའི་ངོས་ནས“བོད་ལུགས་གསོ་རིག་གི་ལུམས་བཅོས”དེ“མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་གཞུང”ནང་ཚུད་པ་དང་། 《དཔལ་ལྡན་རྒྱུད་བཞི》“འཛམ་གླིང་གི་དྲན་ཤེས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མིང་གཞུང”ནང་འཇུག་པའི་ཆོག་མཆན་སྤྲད་པ་དང《དུས་རབས་17པ་ནས་20པ་བར་གྱི་བོད་ལུགས་གསོ་རིག་སྨན་ཐང》“ཀྲུང་གོའི་ཡིག་ཚགས་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང”ནང་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།