དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་སློབ་གྲྭ་ཁག་ཏུ་བོད་ལུགས་གསོ་རིག་གི་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-21

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་7ལ་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བདེ་ཐང་ཤེས་བྱ་འཆད་ཁྲིད་བྱས་པ་རེད།

    བྱེད་སྒོར་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གོ་བདེ་ཤེས་སླའི་སྐད་ཀྱི་ཐོག་ནས་སློབ་མ་ཚོར་བོད་ལུགས་གསོ་རིག་གི་ལོ་རྒྱུས་རྒྱུན་འཛིན་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས། རིག་གཞུང་བསམ་བློ། སྔོན་འགོག་བདེ་སྲུང་། ནད་ཐོག་སྨན་བཅོས་བཅས་དང་དེ་བཞིན་བོད་ལུགས་གསོ་རིག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ལས་དོན་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ལ་འགྲེལ་བཤད་བརྒྱབ་པ་རེད། དེ་དང་ཆབས་ཅིག་ཆམ་རིམས་ཐོན་མང་བའི་དུས་ཚིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་པར་རིས་དང་ཡི་གེ་གཅིག་ཏུ་འདུས་པའི་བྱེད་ཐབས་ནས་བོད་ལུགས་གསོ་རིག་གིས་ཆམ་རིམས་སྔོན་འགོག་དང་སྨན་བཅོས་ཀྱི་རྒྱུན་ཤེས་གཙོ་གནད་ཐོག་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། དགེ་སློབ་ཚོས་རང་རྟོགས་ངང་ཡ་རབས་སྐྱོན་བྲལ་གྱི་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པར་བྱས་ཏེ་ཧུར་སེམས་ཆེན་པོས་སློབ་སྦྱོང་དང་ལས་ཀར་ཞུགས་པར་ཁྲིད་སྟོན་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དགེ་སློབ་7500ཙམ་ཞུགས་ཡོད་པ་དང་རིན་ཐང་སྒོར་ཁྲི་3.5རི་བའི་བོད་སྨན་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།