དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷུན་གྲུབ་རྫོང་གིས་གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་གླིང་སྐྲུན་འགོ་ཚུགས་པ།

    ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པར་གྲོང་གསེབ་དར་རྒྱས་ལ་བྱེད་ནུས་གསར་པ་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-21

    ཉེ་དུས་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷུན་གྲུབ་རྫོང་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་དང་བོད་ལྗོངས་ཀྲུང་ཐའོ་ལན་མཁོ་སྤྲོད་འཁོར་འབྲེལ་ཞབས་ཞུ་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བའི་ཚན་ཚན་ཕྲེང་འབྲེལ་དང་གྲངས་འཛིན་དཔལ་འབྱོར་གྱིས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་ལྷུན་གྲུབ་གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་གླིང་སྐྲུན་འགོ་ཚུགས་པའི་མཛད་སྒོ་ལྷུན་གྲུབ་རྫོང་གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་གླིང་དུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྲུང་ཐའོ་ལན་མཁོ་སྤྲོད་འཁོར་འབྲེལ་ཞབས་ཞུ་ཚད་ཡོད་ཀུང་སི་2018ལོར་ལྷུན་གྲུབ་ཏུ་གཞིས་ཆགས་ཤིང་། དྲ་ཐོག་ཚོང་དོན་ཞབས་ཞུའི་རྣམ་པ་གསར་གཏོད་དང་། ཚན་ཚན་ཕྲེང་འབྲེལ་ལག་རྩལ་སྤྱོད་པ། གྲངས་འཛིན་གླིང་འཛུགས་པ་བཅས་བྱས་ནས་ལྷུན་གྲུབ་ཀྱི་གསར་དར་ཞབས་ཞུའི་ལས་རིགས་ཀྱི་དངོས་ཚན་དཔལ་འབྱོར་གྱི་མཚོན་བྱེད་དུ་གྱུར་ཡོད།

    ད་རེས་ཀྱི་སྤེལ་རེས་ཚོགས་འདུར་བཟོ་ལས་དང་ཆ་འཕྲིན་ཅན་པུའི་གློག་རྡུལ་ཞིབ་འཇུག་སུའོ་ལྔ་པའི(ཀྲུང་གོའི་སའེ་པའོ་ཚོད་ལྟ་ཁང)གྲངས་འཛིན་དཔལ་འབྱོར་གསར་གཏོད་ཚོགས་པ་དང་། ཀྲུང་ཧྲན་སློབ་ཆེན་ཚན་ཚན་ཕྲེང་འབྲེལ་དང་རིག་ནུས་དངུལ་རྩ་ཞིབ་འཇུག་ལྟེ་གནས་སོགས་ཀྱི་ཚོགས་པ་དང་། སྒྲིག་གཞི། ཁེ་ལས་བཅས་ཀྱི་འགན་འཁུར་བ་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་མ་འོངས་ཀྱི་ཚན་ཚན་ཕྲེང་འབྲེལ་གྱི་འཕེལ་རྒྱས་ཁ་ཕྱོགས་སྐོར་ལ་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ། ཚན་ཚན་ཕྲེང་འབྲེལ་དེ་ཉིད་བོད་ཀྱི་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་ཞུགས་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གླིང་དེར་བཅའ་སྡོད་ཁེ་ལས་ཀྱི་གྲས་སུ་བོད་ལྗོངས་ཀྲུང་ཐའོ་ལན་དང་། ལྷུན་གྲུབ་ལི་ལི་ཅ། ལྷུན་གྲུབ་ཅ་ཀྲུའུ་ཅ། ལྷུན་གྲུབ་ཅིན་དབྱི་ཐའོ་སོགས་ཡོད། གླིང་འདི་སྤྱོད་འགོ་ཚུགས་རྗེས། ཐོན་ལས་ཞབས་ཞུར་ཞུགས་པའི་ནུས་པ་ཆེ་རུ་འགྲོ་བ་དང་ཐོན་ལས་གཅིག་སྡུད་ཀྱི་ཆ་རྐྱེན་ལེགས་སུ་འགྲོ་བ་མ་ཟད། གྲངས་འཛིན་གྱི་ནུས་པར་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་མགྱོགས་སུའང་འགྲོ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།