ཁུ་ཁུ་ཤིས་རིའི་རྩོ་ནག་མཚོའི་གཙོད།
རྩོ་ནག་མཚོ་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་ཁུ་ཁུ་ཤིས་རིའི་དབུས་སུ་གནས་ཡོད། འདི་ལོའི་ཟླ་5པ་ཚུན་དུ་མཚོ་སྔོན་གཙང་གསུམ་ཆུ་འགོ་ཁུལ་དང་། ཤིན་ཅང་ཨར་ཅིན་རི་བོ། བོད་ལྗོངས་བྱང་ཐང་སོགས་ཀྱི་གཙོད་མོ་སྔ་རྗེས་སུ་རྩོ་ནག་མཚོ་ཁོངས་སུ་གཙོད་ཕྲུག་སྐྱེ་བར་སླེབས་ཡོད། ཟླ་7པའི་ཟླ་སྨད་ནས་བཟུང་གཙོད་ཕྲུག་སྐྱེས་ཟིན་པའི་གཙོད་མོས་གཙོད་ཕྲུག་ཁྲིད་ནས་དེ་སྔའི་འཚོ་གནས་བྱ་ཡུལ་དུ་ལོག་གི་ཡོད།
པར་འདི་གཉིས་ནི་ཁུ་ཁུ་ཤིས་རིའི་རྩོ་ནག་མཚོ་ཁོངས་ནས་པར་བརྒྱབ་པའི་གཙོད་ཁྱུ་ཡིན་པ།