དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《ཉི་འོད་ཀྱི་གྲོང་ཁྱེར》ཞེས་པ་ལྷ་སར་པར་ལེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-21

    ཚེས་18ཉིན་གྱི་སྔ་དྲོ། བོད་ཀྱི་དངོས་ཡོད་རིང་ལུགས་བརྗོད་བྱར་བྱེད་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《ཉི་འོད་ཀྱི་གྲོང་ཁྱེར》ཞེས་པ་ལྷ་སར་དངོས་སུ་པར་ལེན་བྱེད་འགོ་ཚུགས་པ་རེད།

    《ཉི་འོད་ཀྱི་གྲོང་ཁྱེར》ཞེས་པའི་ནང་བསོད་ནམས་ཀྱིས་ཚབ་མཚོན་བྱས་པའི་ན་གཞོན་དྲུག་གིས་བོད་ཀྱི་ས་གཞི་ཆེན་པོར་རང་ཉིད་ཀྱི་མི་ཚེའི་ལམ་བུ་བཙལ་ནས་ཕུགས་འདུན་དོན་གཉེར་བྱེད་པའི་གཏམ་རྒྱུད་བརྗོད་ཡོད། ཁོང་ཚོའི་ཁྲོད་དུ་ས་ཆ་འདི་གར་འཚར་ལོངས་བྱུང་བའི་མི་ཡོད་ལ་ཐག་རིང་ནས་ཡོང་བའི་ཕུགས་འདུན་དོན་གཉེར་བྱེད་མཁན་ཡང་ཡོད། ཉིན་རེ་བཞིན་རྣམ་པ་གསར་པ་མངོན་པ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་གྲོང་ཁྱེར་གསར་པ་ལྷ་སར་འགྲན་སློང་དང་རེ་བས་ཁེངས་པའི་ཁོང་ཚོའི་འཚོ་བ་ལས་དེང་རབས་བོད་ཀྱི་གཞོན་ནུས་འབད་འཐབ་དང་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་དང་ཕུགས་བསམ་དོན་གཉེར་གྱི་སྤྲོ་སེམས་མངོན་པར་བྱས་ཡོད།

    《ཉི་འོད་ཀྱི་གྲོང་ཁྱེར》ཞེས་པ་ནི་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གཙོ་གནད་ཐོག་མཛུབ་ཁྲིད་དང་། ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཨུ་ལྷན་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ་པར་ལེན། ཧུའུ་ནན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་བོད་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་རྒྱབ་སྐྱོར། ཧུའུ་ནན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པ་དང་མང་གོ་TVནས་སྒྲིག་བཟོ། བོད་ལྗོངས་ཅིན་ཕིང་ཡོན་རིག་གནས་ཚད་ཡོད་འགན་འཁྲི་ཀུང་སིས་མཉམ་དུ་འདོན་པ་བཅས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།