སུའེ་ཙེར་དུ་ཡོད་པའི་ཕྱིར་སྡོད་རང་མིས་རོལ་དབྱངས་འདུ་ཚོགས་འཚོགས་ནས“རྒྱུད་གཅིག་ལམ་གཅིག”ལ་བསྟོད་གླུ་ཕུལ་བ།
ཚེས་18ཉིན་གྱི་དགོང་མོར། སུའེ་ཙེར་དུ་ཡོད་པའི་ཧྥུའུ་ཅན་གྱི་ཕ་ཡུལ་གཅིག་པའི་ཚོགས་པ་སོགས་ཕྱིར་སྡོད་རང་མིའི་ཚོགས་པ་7གྱིས་རི་ནེ་ཝ་རུ“‘རྒྱུད་གཅིག་ལམ་གཅིག’ལ་བསྟོད་གླུ་འབུལ་བའི”རོལ་དབྱངས་སྣེ་ལེན་འདུ་ཚོགས་འཚོགས་པར་ཀྲུང་གོ་དང་སུའེ་ཙེར་གྱི་ལས་རིགས་ཁག་གི་མི་300ལྷག་ཙམ་བཞུགས་ནས་ཚང་མས་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་10འཁོར་བ་དང་དེ་བཞིན་ཀྲུང་གོ་དང་སུའེ་ཙེར་དབར་རང་མོས་ཚོང་དོན་གྲོས་མཐུན་བཞག་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུས་པ་རེད། འདི་ནི་ཟླ་6ཚེས་18ཉིན། སུའེ་ཙེར་གྱི་རི་ནེ་ཝ་རུ། སུའེ་ཙེར་ཧྲེང་ཕུའུ་ལེར་རོལ་དབྱངས་ཚོགས་པས“‘རྒྱུད་གཅིག་ལམ་གཅིག’ལ་བསྟོད་གླུ་འབུལ་བའི”རོལ་དབྱངས་སྣེ་ལེན་འདུ་ཚོགས་འཚོགས་པའི་རྣམ་པ་ཡིན་པ།