དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཛམ་གླིང་ལ་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྟོན་པ།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐོག་ཐཱན་ཚད་སྙོམ་སྦྱོར་གྱི་བྱ་ཐབས་ལག་བསྟར་ཐེངས་དང་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-21

    འགྲེམས་སྟོན་ཁུལ་དུ་འཐག་མཁན་ཨ་མས་བོད་རུམ་འཐག་བཞིན་པ།

    ཐོན་རྫས་འགྲེམས་སྟོན་ཁུལ་དུ་རྒྱ་ཆེའི་འཛད་སྤྱོད་པས་ཐོན་རྫས་ཉོ་བཞིན་པ།

    ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་ཟླ་6ཚེས་16ནས་18ཉིན་བར་ལྷ་སར་གཉེར་བ་རེད། ཐཱན་ཚད་སྙོམ་སྦྱོར་ནི་ད་ཐེངས་ཀྱི་འགྲེམས་ཚོགས་ཀྱི་གསར་གཏོད་བྱེད་ཐབས་ཤིག་ཡིན་པའི་ངོས་ནས་བོད་ལྗོངས་འགྲེམས་ཚོགས་ཀྱིས་ཐཱན་ཚད་སྙོམ་སྦྱོར་བཀོལ་སྤྱོད་ཀྱི་ཚད་གཞི་དང་བཀོལ་སྤྱོད་བརྒྱུད་རིམ་ལ་ནན་པོར་གཞིགས་ཏེ་སྤེལ་བས་བོད་ལྗོངས་འགྲེམས་ཚོགས་རིག་གནས་དང་ཡུལ་སྐོར་དང་། དཔལ་འབྱོར་དང་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་བ་དང་ཆབས་ཅིག ཐཱན་ཚད་སྙོམ་སྦྱོར་གྱི་འདུ་ཚོགས་གལ་ཆེན་ཞིག་ཏུའང་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཐཱན་ཚད་སྙོམ་སྦྱོར་ནི་སྐྱེ་ཁམས་ཁོར་ཡུག་པུས་ཁྱབ་བསྒྲགས་བྱས་པའི《བྱེད་སྒོ་ཆེ་གྲས་ཀྱི་ཐཱན་ཚད་སྙོམ་སྦྱོར་གྱི་ལག་བསྟར་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》སོགས་ལག་བསྟར་གྱི་ཚད་གཞི་གཙོ་བོར་བྱས་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཞིབ་རྩིས་ཀྱི་ཚད་གཞི་ནི་ཚོགས་ཆེན་གྱི་དུས་མཚམས་ཁག་གི་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་གྱི་བསྡོམས་འབོར་ཡིན་ཞིང་། དེའི་ནང་ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་གཉེར་རིང་ཐོན་པའི་ཚོགས་རའི་གློག་སྤྱོད་དང་། འགྲིམ་འགྲུལ། ཞག་སྡོད། བཟའ་བཏུང་། བྱེད་སྒོའི་མཁོ་རྫས། བེད་མེད་སྙིགས་རོ་སོགས་ཕྱོགས་ཆེ་གྲས་དྲུག་ཚུད་ཡོད།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་རོགས་སྐྱོར་ཚན་པ་ཡིན་པའི་ངོས་ནས་བོད་ལྗོངས་ཀུན་བསམ་ནུས་རྒྱུ་གསར་གཏོད་དོ་དམ་ཚད་ཡོད་ཀུང་སིས་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ལ་ཐན་ཚད་སྙོམ་སྦྱོར་གྱི་ཞབས་འདེགས་ཞུས་ཡོད། བོད་ལྗོངས་འགྲེམས་ཚོགས་མཇུག་འགྲིལ་རྗེས་ཀུང་སི་དེས་འགྲེམས་ཚོགས་རིང་གི་དྲོད་ཁང་རླངས་གཟུགས་འབུད་ཚད་ལ་གཞིགས་ནས་འབོར་མཚུངས་ཀྱི་ཐཱན་མགོ་གཏུག་གཏོང་ཐུབ་པའི་ཐོན་རྫས་ཞལ་འདེབས་བརྒྱབ་ནས་མགོ་གཏུག་བཏང་སྟེ་མཐར་བོད་ལྗོངས་འགྲེམས་ཚོགས་ཀྱིས“ཐཱན་མེད”འདུ་ཚོགས་གཉེར་བའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ།

    བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཀྱིས་ཐཱན་ཚད་སྙོམ་སྦྱོར་གྱི་བྱ་ཐབས་ལག་བསྟར་ཐེངས་དང་པོ་ཡིན་ལ་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་རིང་ཐཱན་ཚད་སྙོམ་སྦྱོར་གྱི་ལས་དོན་ཁྱབ་གདལ་གཏོང་ཐེངས་དང་པོའང་རེད། རྒྱལ་ཁབ་ཕྱི་ནང་གི་སྔོན་དཔེ་དང་བསྡུར་བ་དང“ཐཱན་ཚད་སྙོམ་སྦྱོར”འདུ་ཤེས་སུ་བྱས་ནས་བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་ནས་འཛམ་གླིང་ལ་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྟན་པ་དེས་སྤྱི་ཚོགས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཐད་ཀྱི་ངོས་འཛིན་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་ཚོང་འགུགས་མ་འདྲེན་ལ་དེ་བས་ཕན་འདོགས་ནས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་རེད།

    ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་ཟླ་6ཚེས་16ནས་18ཉིན་བར་ལྷ་སར་གཟབ་རྒྱས་ངང་གཉེར་བ་རེད།

    རིག་གནས་བོད་ལྗོངས་འགྲེམས་ཁུལ་དུ་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ཟབ་མོ་ལྡན་པའི་གྱོན་ཆས་དང་། བོད་ཡིག་ཡིག་གཟུགས། ཐང་ག ཁ་གདན་འབྲུག་རིས་མ། ད་དུང་དབྱིབས་ལེགས་ངོ་མཚར་ཅན་གྱི་རིག་གནས་བསམ་བཀོད་ཐོན་རྫས་སོགས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་གཡུར་ཟའི་གྲུབ་འབྲས་ལ་འདིར་འདུས་སྐྱེ་བོ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།