དུས་ཚོད་འགྱངས་འདུག ཚང་མས་དོ་སྣང་གནང་དང་།
གསར་འགོད་པར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་འགོ་ཚུགས་ཚུན། རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་ཆེན་པོ་ཐོབ་པ་མ་ཟད། ལྗོངས་ཕྱི་ནང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། ཡུལ་སྐོར་བ་བཅས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། རྒྱ་ཆེའི་ཡུལ་སྐོར་བའི་དགོས་མཁོར་གཞིགས་ཏེ། འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་ཁང་དང་པོ་ཟླ་6ཚེས་19དང་20ཉིན་གནས་སྐབས་སྒོ་རྒྱག་རྒྱུ་དང་། ཟླ་6ཚེས་21ཉིན་སླར་ཡང་སྒོ་འབྱེད་པ་མ་ཟད་ཟླ་7ཚེས་19ཉིན་བར་སྒོ་དབྱེ་རྒྱུ་རེད་འདུག
གཞན་ཡང་། གསར་འགོད་པར་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་ཁང་གཉིས་པའི་ཐོན་རྫས་འགྲེམས་འཚོང་ཟླ་6ཚེས་26ཉིན་བར་སྒོ་དབྱེ་རྒྱུ་རེད་འདུག