ཚོན་མདོག་རྣམ་པར་བཀྲ་བའི་ཁྲར་ཧན་ཚྭ་མཚོ།
ཁྲར་ཧན་ཚྭ་མཚོའི་མཛེས་ལྗོངས་ཡིན་པ།
ཁྲར་ཧན་ཚྭ་མཚོའི་མཛེས་ལྗོངས་ཡིན་པ།
དབྱར་དུས་སུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཁོངས་སུ་གནས་པའི་ཁྲར་ཧན་ཚྭ་མཚོའི་ཚོན་མདོག་རྣམ་པར་བཀྲ་ཞིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད།
མཚོ་སྔོན་ཚྭ་འདམ་གཤོང་སར་གནས་པའི་ཁྲར་ཧན་ཚྭ་མཚོ་ནི་རང་རྒྱལ་གྱི་ཚྭ་མཚོ་ཆེ་ཤོས་ཡིན་ལ། རང་རྒྱལ་གྱི་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་དང་ཚྭ་མཚོའི་ཐོན་ལས་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན་ཞིང་། རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་5856ཟིན་པ་དང་། ཚྭའི་ཐོན་ཁུངས་སྣ་ཚོགས་གསོག་ཚད་བསྡོམས་འབོར་ཏུན་དུང་ཕྱུར་600ཟིན་པས“སྐྱེ་མེད་ཚྭ་མཛོད”ཅེས་བརྗོད་སྲོལ་ཡོད།