དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཐང་གའི་ཆེད་ལས་རྩལ་ནུས་ལ་དཔྱད་ཞིབ་བྱེད་པའི་ལས་དོན་ཐོག་མར་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-19

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་རྨ་ལྷོ་ཀྲོའུ་ཡི་ཐང་ག་འབྲི་རྩལ་གསོ་སྦྱོང་ཐོན་པའི་སློབ་མ་63དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་རེབ་གོང་གྲོང་ཁྱེར་དུ་ཐང་གའི་ཆེད་དོན་ལས་རིགས་རྩལ་ནུས་དཔྱད་ཞིབ་ལ་ཞུགས་པ་དང་སློབ་མ་56ལ་དཔྱད་ཞིབ་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་ཐང་གའི་ཆེད་ལས་ལས་རིགས་རྩལ་ནུས་ཀྱི་ལག་ཁྱེར་རག་ཡོད།

    ཐང་གའི་ཆེད་ལས་ལས་རིགས་རྩལ་ནུས་དཔྱད་ཞིབ་ལས་དོན་སྤེལ་བ་དེས། ཞིང་ཆེན་ཡོངས་ཀྱི་ཐང་ག་བཞེངས་མཁན་གྱི་ལས་རིགས་ཅན་དང་ཆེད་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་། དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་སློབ་མའི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་དང་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས“ཐང་གའི”རྩལ་ནུས་རྒྱུན་འཛིན་དང་གྲུབ་འབྲས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལ་རྩལ་ནུས་ཤེས་ལྡན་མི་སྣ་མཁོ་འདོན་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་རྩལ་ནུས་གདེང་འཇོག་ལ་བརྟེན་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་སྟོན་ཕྱོགས་ནུས་པ་འདོན་སྤེལ་གང་ལེགས་དང་། སྣ་མང་ཅན་གྱི་རྩལ་ནུས་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་ལམ་ལུགས་དོན་འཁྱོལ་ཧུར་ཐག་བྱེད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ལས་རྣམ་གསར་པ་དང་། ལག་རྩལ་གསར་པ་དང་ངལ་ནུས་སྤུས་རྟགས། ས་གནས་ཀྱི་ཁྱད་ལྡན་ཐོན་ལས། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་རྣམ་གྲངས་སོགས་ལ་དམིགས་ནས་ཆེད་དོན་ལས་རིགས་རྩལ་ནུས་ཀྱི་དཔྱད་ཞིབ་རྣམ་གྲངས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི“ལས་རིགས་དང་རྩལ་ནུས་ཆུང་གྲས”ལ་གདེང་འཇོག་གི་ཚད་གཞི་མེད་པའི་སྟོང་ཆ་གསབ་ནས“གྲོང་གསེབ་ཀྱི་བཟོ་བོ”ཤེས་རྟོགས་དང་གསོ་སྦྱོང་ལ་གདེང་འཇོག་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།