མཚོ་སྔོན་མང་ནེ།
མཛེས་སྡུག་ལྡན་པའི་ཨེ་ཁེན་ཆུ་མིག
ཚངས་ཐིག་ལ་སྨི་10ལྷག་ཡོད་པའི་ཨེ་ཁེན་ཆུ་མིག་ནི་ལྷོག་ལྷོག་ཏུ་འཁོལ་བའི་ཆུ་ཚན་ཞིག་དང་འདྲ་ཞིང་། མཐའ་འཁོར་དུ་མུ་ཟིའི་དྲེག་པས་ཁ་དོག་སྣ་ཚོགས་མངོན་པ་དང་། ཐུར་ལ་བལྟས་ཚེ་ས་གཞིའི་པང་དུ་ཆགས་པའི་མིག་གི་རྒྱལ་མོ་ཞིག་དང་མཚུངས།
འདི་ནི་ཟླ་6ཚེས་7ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ནེ་གྲོང་ཁྱེར་ཧྭ་ཐུའུ་ཀོའུ་གྲོང་རྡལ་མོ་ཧོར་པུའུ་ལུའུ་ཁེ་གྲོང་ཚོ་ནས་བརྒྱབ་པའི་ཨེ་ཁེན་ཆུ་མིག་གི་པར་ཡིན་པ།