དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་འགྲམ་གྱི་ཡུལ་སྐོར་རྣམ་གྲངས་བཏོད་ནས་དཔལ་འབྱོར་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-15

    ཀྲེ་ཅང་ཞིང་ཆེན་ཉིང་ཧའེ་རྫོང་ཆང་ཅའོ་གྲོང་རྡལ་ནི་དཔེ་མཚོན་གྱི་རྒྱ་མཚོའི་ཕྱེད་གླིང་གི་གྲོང་རྡལ་ཆུང་ངུ་ཞིག་ཡིན་ཞིང་། དེ་གར་རྒྱ་མཚོ་དང་། མཚོ་ཁུག གླིང་ཕྲན། མཚོ་འགྲམ་སོགས་རང་བྱུང་ཐོན་ཁུངས་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཆེ་གྲས་ནུས་ཤུགས་ཡོད་རྒུས་བཏོད་དེ་གླིང་ཕྲན་དང་། མཛེས་ལྗོངས་ཁུལ། གྲོང་ཚོ་བཅས་མུ་ལ་མུ་འབྲེལ་གྱིས་རྒྱ་མཚོར་བསྐྱོད་དེ་གླིང་ཕྲན་ལ་ལྟ་སྐོར་དང་། གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་། མཚོ་ཁ་ནས་ཉ་འཛིན་པ་སོགས་མཚོ་འགྲམ་གྱི་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་བཏོད་ནས། མཉམ་སྐྲུན་མཉམ་ཕྱུག་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ཉིང་ཧའེ་རྫོང་ཆང་ཅའོ་གྲོང་རྡལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།