རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལྟར་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་མཁན་གཤམ་གསལ་གྱི་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་བྱ་རྒྱུའི་གཏན་འབེབས་གནང་བ་སྟེ།
གཅིག ཀྲུའུ་ཅིང་གི་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་། ཀྲའོ་པིན་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
གཉིས། ཀུའོ་ཧྲའོ་ཁྲུན་གྱི་ཙམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་། ཀྲོའུ་ཏིང་ཙམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
གསུམ། ལེང་ཅན་ཆོན་གྱི་ལ་ཐེ་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་། ཐང་སུང་ཀེང་ལ་ཐེ་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ་བཅས་རེད།