དབུ་ཤོག
  • ལམ་འདི་ཁྱོན་ནས་བཀག་ཆོག་གི་མི་འདུག གལ་ཏེ་བཀག་པ་ཡིན་ན……

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-06-14

    མེ་གསོད་བགྲོད་ལམ་ནི་མེ་སྐྱོན་ཐོན་སྐབས་མེ་གསོད་རླངས་འཁོར་དང་དེ་མིན་རོགས་སྐྱོབ་རླངས་འཁོར་གཏོང་སའི་བགྲོད་ལམ་ཡིན་པས། གལ་ཏེ་མེ་གསོད་བགྲོད་ལམ་བཀག་པ་སོགས་བྱས་ཚེ་རོགས་སྐྱོབ་ཀྱི་གོ་སྐབས་ཤོར་ཉེན་ཡོད།

    བཅོས་སྒྲིག་མ་བྱས་གོང་གི་མེ་གསོད་བགྲོད་ལམ། 

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱིས་ཉི་འོད་གླིང་ཕྲན་གྱི་གསོལ་མགྲོན་ཁང་ཞིག་གི་རྒྱལ་སྒོའི་མདུན་གྱི་མེ་གསོད་བགྲོད་ལམ་ཐོག་ཏུ་རླངས་འཁོར་འཇོག་སའི་ཐིག་བརྒྱབ་ཡོད་པ་མ་ཟད་རླངས་འཁོར་ཡང་བཞག་པ་ཤེས་རྟོགས་བྱུང་ཡོད། གནད་དོན་དེར་དམིགས་ནས་གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་དང་གྲོང་ཁྱེར་དོ་དམ་སྡེ་ཚན་དང་འབྲེལ་བ་བྱས་ཏེ། མཉམ་དུ་ཡུལ་དངོས་སུ་བསྐྱོད་ནས་པར་བརྒྱབ་སྟེ་དཔང་རྟགས་བླངས་པ་མ་ཟད། གསོལ་མགྲོན་ཁང་གི་འགན་འཁུར་བར་ཉིན་གཉིས་ནང་བཅོས་སྒྲིག་བྱས་ནས་མེ་གསོད་བགྲོད་ལམ་སྔོན་མ་ལྟར་སླར་གསོ་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད། དེ་དང་བསྟུན་ནས་ཉེ་འགྲམ་གྱི་ཚོང་དུད་ལ་དྲིལ་བསྒྲགས་སློབ་གསོ་བརྒྱབ་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་རླངས་འཁོར་གང་བྱུང་དུ་འཇོག་པའི་སྒྲིག་འགལ་གྱི་བྱེད་སྤྱོད་གཏན་འགོག་བྱས་ཏེ། མེ་གསོད་བགྲོད་ལམ་ཤར་གཏོང་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བཅོས་སྒྲིག་བྱས་རྗེས་ཀྱི་མེ་གསོད་བགྲོད་ལམ།

    ཉིན་གཉིས་སོང་རྗེས། གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སླར་ཡང་ཞིབ་བཤེར་བྱེད་པར་ཡོང་སྐབས་མེ་གསོད་བགྲོད་ལམ་སླར་གསོ་བྱས་ཡོད་ལ་རླངས་འཁོར་ཡང་བཞག་མེད་པས་མེ་གསོད་བགྲོད་ལམ་ཤར་གཏོང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།