དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དང་བླངས་ཞབས་ཞུའི་སྦྲང་ཆར་གྱིས། སྐྱེ་བོའི་ཡིད་ཀྱི་ཞིང་ས་བརླན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-14

    ཆར་ཐིགས་འཆར་གཞིའི་སྤྱི་ཕན་ཚོགས་པས་སྡེ་ཁུལ་དུ་སྤྱི་ཕན་སློབ་སྐྱོར་བྱེད་སྒོ་སྤེལ་བཞིན་པ།

    རྒྱལ་སྤྱིའི་དང་བླངས་པའི་ཉིན་མོར། ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་རོགས་སྐྱོབ་རུ་ཁག་གི་རུ་མིས་གླང་རུ་སྡེ་ཁུལ་དུ་མྱུར་སྐྱོབ་ཀྱི་ནང་སྦྱོང་བྱེད་སྒོ་སྤེལ་བཞིན་པ།

    ཕྲུ་གུ་ཞིག་གིས་ནན་ཏན་ངང་བོད་ཡིག་སྦྱོང་ཚན་འབྲི་བཞིན་པ།

    ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་རོཌ་སྐྱོབ་རུ་ཁག་གིས་ཁེ་ལས་སུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བཞིན་པ།

    ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་དང་བླངས་རོགས་སྐྱོབ་རུ་ཁག་གི་རུ་མིས་རྒྱུན་གཏན་གྱི་འཕྲལ་སྡོམ་སྦྱོང་བརྡར་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་རོགས་སྐྱོབ་རུ་ཁག་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བྱེད་སྒོ་གལ་ཆེན་གྱི་ཞབས་འདེགས་འགན་ལེན་ལས་དོན་ལ་ཞུགས་རྗེས་མཉམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།

    ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་རོཌ་སྐྱོབ་རུ་ཁག་གིས་སློབ་གྲྭར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བཞིན་པ།

    དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། འདི་ལོ་ནི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ལག་ལེན་བསྟར་ནས་ལོ་20འཁོར་བའི་ལོ་ཞིག་རེད། ལོ་20ཡི་རིང་། སློབ་ཆེན་དང་བླངས་སློབ་མ་1000ལྷག་ཙམ་གྱིས་གངས་ལྗོངས་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་བཏང་ཞིང་། ཁོང་ཚོའི་ཁྲོད་ནུབ་རྒྱུད་འཆར་གཞིའི་གཞི་རིམ་གྱི་དང་བླངས་པ་དང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོཌ་པ་ཡོད་ལ། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་གཞོན་ནུ་དང་བླངས་པ་ཡོད་པ་མ་ཟད། ཕ་ཡུལ་དུ་ལོག་པའི་སློབ་ཆེན་དང་བླངས་སློབ་མ་དང་། ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་རྫོང(ཆུས)གི་གཞོན་ནུ་དང་བླངས་པ་སོཌ་ཀྱང་ཡོད། ཁོང་ཚོས“ལེགས་སྐྱེས་དང་། མཛའ་གྲོགས། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་བྱ་སྤྱོད་དངོས་ལས་མཚོན་པར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་པའི་མཐུན་ཚོགས་གཞོན་ནུ་དང་བླངས་རོགས་སྐྱོབ་རུ་ཁག(གཤམ་དུ“ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་རོགས་སྐྱོབ་རུ་ཁག”ཅེས་བསྡུ་རྒྱུ)ནི་ས་གནས་དེ་གའི་སྤྱི་ཕན་སེམས་བཟང་ཅན་21གིས་རང་འགུལ་ངང་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་དར་ཆ་དང་སྒོ་བྱང་སྤྲད་ནས་བཙུགས་པའི་སྤྱི་ཕན་གྱི་ཆེད་ལས་རོགས་སྐྱོབ་རུ་ཁག་ཅིག་རེད། མིག་སྔར་རོགས་སྐྱོབ་རུ་ཁག་ལ་མི་གྲངས་114ཡོད། 2021ལོར་བཙུགས་པ་ནས་བཟུང་། དང་བླངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ཞབས་ཞུའི་བྱེད་སྒོ་ཐེངས་57སྒྲིག་འཛུགས་བྱས་པར་དང་བླངས་ཞབས་ཞུར་ཞུགས་མཁན་དང་བླངས་པ་མི་ཐེངས་681ཟིན་ཞིང་། རིམ་རྩིས་བྱས་ན། དང་བླངས་ཞབས་ཞུའི་དུས་ཡུན་ཆུ་ཚོད་13314.3ཟིན་གྱི་ཡོད་ཅིང་། སྔ་རྗེས་སུ“མི་རིགས་མཐུན་སྒྲིལ་གྱི་གཟི་འོད་འཕྲོ་བའི་བྱ་སྤྱོད”ཀྱི་སྔོན་ཐོན་མཉམ་སྡེབ་དང་སྐབས་བཅུ་པའི“ལྷ་སའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    དུས་རྒྱུན་རོགས་སྐྱོབ་དང་བླངས་པ་རྣམས་ནི་གཞུང་ཞབས་པ་དང་། ཁེ་ལས་ཀྱི་ལས་མི། སྨན་དོན་པ། དམག་ཞབས་ཐིམ་པའི་དམག་མི་སོགས་ཡིན་མོད། འོན་ཀྱང་ཉེན་ཁ་ཐོན་ཚེ་ཁོང་ཚོ་ནི་ཚེ་སྲོག་སྲུང་མཁན་གྱི་དཔའ་བོར་གྱུར་གྱི་ཡོད།

    ཆར་ཐིགས་འཆར་གཞིའི་སྤྱི་ཕན་རུ་ཁག་ནི་2017ལོའི་ཟླ་7པར་བཙུགས་པ་དང་། མིག་སྔར་གཙོ་བོ་ལྗོངས་ཕྱི་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ལས་གྲུབ་པ་དང་། དང་བླངས་པས་དབྱར་དགུན་གུང་གསེང་གི་དུས་ཚོད་སྤྱད་དེ་སྤྱི་ཚོགས་ཀྱི་སྤྱི་ཕན་དང་བླངས་ཞབས་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་ཏེ། སློབ་གྲྭ་ནས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཕ་ཡུལ་ལ་ཞབས་འདེཌ་ཞུ་གི་ཡོད། 2017ལོ་ནས་བཟུང་། ཆར་ཐིགས་འཆར་གཞིའི་སྤྱི་ཕན་ཚོགས་པས་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་བར་རིམ་རྩིས་བྱས་ན་མི་4800ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

    དང་བླངས་ཞབས་ཞུའི་རྣམ་གྲངས“ཆར་ཐིགས་སྤྲིན་ཚོམ་སློབ་ཁྲིད”ནི་ཆར་ཐིགས་འཆར་གཞིའི་སྤྱི་ཕན་ཚོགས་པའི་སྤུས་རྟགས་བྱེད་སྒོ་ཞིག་ཡིན་ཞིང་། བྱེད་སྒོ་དེར་2022ལོར་ཀྲུང་གོ་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོ་སྐབས་དྲུག་པའི་ཟངས་ཀྱི་བྱ་དགའ་ཐོབ་ཡོད། ཚོགས་པ་དེས་ཐོག་མཐའ་བར་གསུམ་དུ“ཉ་སྟེར་བ་ལས་འཛིན་སྟངས་སློབ་པ་དགའ་བའི”དང་བླངས་ཞབས་ཞུའི་འདུ་ཤེས་རྒྱུན་འཛིན་བྱས་ནས། ལྷ་སའི་རྫོང(ཆུས)དང་སྡེ་ཁུལ(གྲོང་ཚོ་གྲོང་ལྷན)དུ་བསྐྱོད་དེ་སློབ་ཆུང་སློབ་མར“ཆར་ཐིགས་སྤྲིན་ཚོམ་སློབ་ཁྲིད”ཀྱི་སློབ་སྐྱོར་བྱེད་སྒོ་གཙོ་བོར་སྤེལ་གྱི་ཡོད་པ་རེད།

    “བརྩེ་སེམས་ལ་ཆེ་ཆུང་མེད་པས། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་མི་དེ་བས་མང་བས་སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་བརྩེ་སེམས་ཚོར་ཐུབ་པ་བྱེད་པ་ནི། ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན”ཞེས་ཆར་ཐིགས་འཆར་གཞིའི་སྤྱི་ཕན་ཚོགས་པའི་རུ་དཔོན་སྤེན་པ་ཚེ་རིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།