དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དམངས་ཕན་དམངས་བདེའི་སྲིད་ཇུས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-14

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས“སྡོད་ཁང་སྤྱི་གསོག་མ་དངུལ་གྱིས་ཁྱེད་ཀྱི་སྡོད་ཁང་འདུན་པ་འགྲུབ་པར་བྱེད”བརྗོད་དོན་གཙོ་བོར་བྱས་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་རིང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ཁྲིམས་སྲོལ་དང་ལས་སྒོའི་ཤེས་བྱ་ཁྱབ་གདལ་བཏང་ཁར། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དམངས་ཕན་དམངས་བདེའི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ལས་དོན་པས་སྔ་རྗེས་སུ་ཁེ་ལས་4དང་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་སུ་བསྐྱོད་དེ་ཁེ་ལས་དང་། ཚན་པ། ལས་བཟོ་བཅས་ལ་སྒོ་རྩ་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ཁྲིམས་སྲོལ་དང་ལས་སྒོའི་ཤེས་བྱ་དྲིལ་བསྒྲགས་ཀྱི་ཞབས་འདེགས་ཞུས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་དྲིལ་བསྒྲགས་ཤོག་བྱང་དང་དྲིལ་བསྒྲགས་དངོས་རྫས་སྤྲོད་པ་དང་། སྲིད་ཇུས་གསལ་འགྲེལ་སོགས་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དང་། སྤྱི་གསོག་མ་དངུལ་ལེན་པའི་སྲིད་ཇུས། ཕྱོགས་གསུམ་པའི་ཁག་ཐེག་ཀུང་སིས་ཁག་ཐེག་བྱེད་པའི་བརྒྱུད་རིམ་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། ལས་བཟོས་སྤྱི་གསོག་མ་དངུལ་ལས་སྒོ་གཉེར་རིང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ཐད་ཀྱི་དཀའ་གནད་ལ་ལན་ཞིབ་ཕྲ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།