དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲི་གུ་རླུང་གློག་ར་བའི་དུས་ཐེངས་གཉིས་པའི་རྣམ་གྲངས་ལོ་འཁོར་ནང་བསྐྲུན་ཟིན་ནས་སྤྱོད་འགོ་འཛུགས་རྒྱུ་ཡིན་པ།

    དུས་ཐེངས་དང་པོར་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-14

     ཉིན་ཤས་གོང་གསར་འགོད་པར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ར་བ་སྟེ། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་རླུང་གློག་ར་བ་མཐོང་སྐབས། རླུང་གློག་ར་བ་དེའི་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་འཕྲུལ་འཁོར་གྱི་སྒྲ་འུར་འུར་དུ་གྲགས་པ་དང་ལས་གྲྭའི་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་ལས་མིས་ཨར་སྐྲུན་ལས་ལ་གཞོལ་ནས་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། རྣམ་གྲངས་དེ་སྔོན་དཔག་བྱས་ན་ལོ་འཁོར་ནང་བསྐྲུན་ཟིན་ནས་སྤྱོད་འགོ་འཛུགས་རྒྱུ་མ་ཟད། ཤོང་ཚད་ཆེ་བའི་དྲ་སྦྲེལ་གློག་གཏོང་མངོན་འགྱུར་ཡང་ཐུབ་རྒྱུ་རེད།

    གྲི་གུ་རླུང་གློག་ར་བ་དེ་གྲི་གུ་རྩྭ་ཐང་དུ་གནས་པ་དང་རླུང་འཁོར་གནས་ས་དེའི་ཆ་སྙོམས་ས་བབ་སྨི་5000ལྷག་ཙམ་ཟིན་ཞིང་། དུས་ཐེངས་གཉིས་པའི་རྣམ་གྲངས་དེ་2022ལོའི་ཟླ་7ཚེས་6ཉིན་ཆོག་མཆན་ཐོབ་ནས་ད་ལྟའི་དུས་མཚམས་སུ་ར་བའི་ནང་གི་འགྲོ་ལམ་དང་གནས་སྐབས་ཀྱི་ལས་ཁུལ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། རླུང་འཁོར་1དཔྱང་འདེགས་ལྷུ་སྒྲིག་བྱས་པ་དང་རླུང་འཁོར་7གྱི་གཞི་གདན་གྱི་ཨར་འདམ་ལུགས་བརྒྱབ་ནས་རྣམ་གྲངས་ཀྱི་སྤྱི་ཡོངས་འཕེལ་རིམ་བདེ་བླག་བྱུང་ཡོད། དུས་ཐེངས་གཉིས་པའི་འཕྲུལ་ཚན་ཕྱོགས་ཡོངས་ནས་བེད་སྤྱོད་བྱས་རྗེས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.57ཟིན་པ་དང་སྔོན་དཔག་བྱས་ན་ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་4.75ཡི་ཚབ་བྱེད་ཐུབ་པ་མ་ཟད། བོད་དབུས་ཀྱི་གློག་དྲར་དེ་བས་བརྟན་ལ་བློས་འགེལ་ཆོག་པ་དང་དྭངས་གཙང་དང་ནུས་ཆེའི་གློག་ཤུགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲི་གུ་རླུང་གློག་ར་བའི་དུས་ཐེངས་དང་པོའི་རྣམ་གྲངས་ནས་2021ལོའི་ལོ་མཇུག་ཏུ་གློག་གཏོང་འགོ་ཚུགས་ཚུན། འཁོར་སྐྱོད་བརྟན་པོ་བྱུང་བ་དང་འདི་ལོའི་ཟླ་3ཚེས་15ཉིན་བར་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1ཟིན་པ་དེ་དུས་ཐེངས་གོང་མའི་ཚོད་རྩིས་དང་བསྡུར་ན་ཟླ་བ་2ལྷག་ཙམ་གྱི་སྔ་ནུར་དུ“དུང་ཕྱུར་གྱི་དམིགས་ཚད”ལེགས་གྲུབ་བྱུང་ནས་བོད་དབུས་ཀྱི་གློག་དྲའི་གློག་ཁུངས་གཙོ་བོར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།