དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁོང་ཀོ(ཅིན)གྱི་ཙུང་ཐུང་གིས་བརྗོད་དོན།

    ཀྲུང་གོར་འཚམས་འདྲི་བྱས་པས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཆེ་རུ་ཕྱིན་སོང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-13

    ཉེ་ཆར་ཁོང་ཀོ(ཅིན)གྱི་ཙུང་ཐུང་ཆིས་སའེ་ཁེ་ཏིས་ཉེ་དུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ནས་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་པ་དེས་ཁོང་ཀོ(ཅིན)ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཆེ་རུ་ཕྱིན་སོང་ཞེས་བརྗོད།

    ཆིས་སའེ་ཁེ་ཏིས་ཙུང་ཐུང་ལས་ཤག་ཏུ་གསར་དུ་བསྐོ་གཞག་བྱས་པའི་ཁོང་ཀོ(ཅིན)དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་པིང་གིས་ཕུལ་བའི་རྒྱལ་ཡིག་བཞེས་སྐབས། ཉེ་དུས་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་བྱས་པར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་པ་དང་ངོ་མཚར་ཆེ་ཞིང་བརྗེད་པར་དཀའ་བ་ཞིག་བྱུང་། འཚམས་འདྲི་བྱས་པ་དེས་ཁོང་ཀོ(ཅིན)གྱིས་ཀྲུང་གོར་རྒྱུས་མངའ་ཟབ་ཏུ་ཕྱིན་ཡོད། ཁོང་ཀོ(ཅིན)ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་པས། ཁོང་ཀོ(ཅིན)ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ད་ཐེངས་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།

    ཀྲའོ་པིན་གྱིས་ཙུང་ཐུང་ཆིས་སའེ་ཁེ་ཏིས་ཀྲུང་གོར་འཚམས་འདྲི་བྱེད་རིང་། ཀྲུང་གོ་དང་ཁོང་ཀོ(ཅིན)རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཁོང་ཀོ(ཅིན)དབར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་མ་ཟད། འབྲེལ་བ་འདིར་བརྗིད་ཆེའི་འཆར་གཞིའང་འགོད་རྒྱུ་རེད་ཅེས་བརྗོད་པ་དང་། ཁོང་གིས་ཁོང་ཀོ(ཅིན)ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་གོ་དང་ཁོང་ཀོ(ཅིན)དབར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།