དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧང་ག་རིའི་ཁེ་ལས་ཀྱི་ཚོང་དོན་འབྲེལ་མཐུད་ཚོགས་འདུ་པུ་ཏ་ཕེ་སིར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-13

    ཉིན་ཤས་གོང“ཀྲུང་གོ་དང་ཧང་ག་རིའི་ཁེ་ལས་ཀྱི་ཚོང་དོན་འབྲེལ་མཐུད་ཚོགས་འདུ་དང་གན་འཇོག་བྱེད་སྒོ”ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་ཅན་དང་འཐུས་ཚབ་བརྒྱ་ཙམ་བྱེད་སྒོར་ཞུགས་ནས་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་ཚོང་དོན་གྲོས་མཐུན་མང་པོར་མིང་རྟགས་བཀོད་ཡོད།

    ད་ཐེངས་ཀྱི་བྱེད་སྒོ་དེ་ནི་ཀྲུང་གོ་ཚོང་དོན་པུས་སྒྲིག་འཛུགས་བྱས་ནས་ཀྲུང་གོ་དང་ཧང་ག་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་གོ་པའོ་ལི་ཚོགས་པ་དང་། གསར་དར་ཅིས་ཧྭ་ཚོགས་པ། ཀྲུང་གོ་ནགས་ལས་ཚོགས་པ། ཀྲུང་གོ་སྒྲིག་ཆས་ཆེ་གྲས་བཟོ་སྐྲུན་ཚོགས་པ་ཨང་དང་པོ། ཀྲུང་གོ་ནན་ཀོང་ཚོགས་པ། ཀྲུང་གོ་ཞིང་ལས་འཕེལ་རྒྱས་ཚོགས་པ་སོགས་ཁེ་ལས་བྱེད་སྒོར་ཞུགས་ཡོད་པ་རེད།

    ཧང་ག་རིའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའི་ཕྱིར་གཏོང་སྐུལ་འདེད་སིའི་སི་ཀྲང་ཀེ་པེར·ཨའོ་ཏེ་ལི་ཨེན་གྱིས་ཀྲུང་གོའི་དཔལ་འབྱོར་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་བྱེད་སྒོས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་ནས་ཧང་ག་རི་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་གོ་སྐབས་གསར་པ་གཏོད་རྒྱུ་རེད་ཅེས་བརྗོད།

    ཀྲུང་གོ་ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་སིའི་སི་ཀྲང་ལི་ཤིང་ཆན་གྱིས་འབྲེལ་མཐུད་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིའི་ཁེ་ལས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོགས་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་། ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཀྲུང་གོར་ངོ་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོའི་ཁྲོམ་ར་རྒྱ་ཆེར་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རོགས་ཟླ་དང་མཉམ་དུ་ཀྲུང་གོའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།