དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡོ་རོབ་རྐང་རྩེད་སྤོ་ལོའི་མཐའ་བསྡུར་ནང་མན་གྲོང་རུ་ཁག་ལ་ཨང་དང་པོ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-13

    ཉེ་ཆར། ཐུར་ཁེའི་དབྱི་སི་ཐན་པུར་གཉེར་བའི་2022-2023འགྲན་དུས་ཀྱི་ཡོ་རོབ་ཀྱི་རྐང་རྩེད་སྤོ་ལོའི་ཨང་དང་པོའི་རིམ་མཚུངས་འགྲན་བསྡུར་གྱི་མཐའ་བསྡུར་ནང་། དབྱིན་ཀེ་ལན་གྱི་མན་ཁྲེ་སི་ཐེ་གྲོང་རུ་ཁག་གིས་བསྡུར་གྲངས་1∶0གྱི་ཐོག་ནས་དབྱི་ཐ་ལིའི་ཀ་པ་རིམ་པའི་རིམ་མཚུངས་འགྲན་བསྡུར་གྱི་ཀོ་ཅི་སྨི་ལན་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་ཡོད། མན་གྲོང་རུ་ཁག་ལ་འགྲན་དུས་འདིར་ཡོ་རོབ་རྐང་རྩེད་སྤོ་ལོའི་ཨང་དང་པོའི་རིམ་མཚུངས་འགྲན་བསྡུར་དང་། དབྱིན་ཀེ་ལན་གྱི་རིམ་འདས་མཉམ་འབྲེལ་འགྲན་བསྡུར། དབྱིན་ཀེ་ལན་གྱི་རྐང་རྩེད་སྤོ་ལོའི་ཕྱོགས་བསྡུས་བུམ་པའི་འགྲན་བསྡུར་བཅས་ཀྱི་ཨང་དང་པོ་ཐེངས་གསུམ་ཐོབ་པའི་འབྲས་བཟང་བཏོད་ཡོད། འདི་ནི་ཟླ་6ཚེས་10ཉིན་མན་ཁྲེ་སི་ཐེ་གྲོང་རུ་ཁག་གི་རུ་མི་ཚོས་བྱ་དགའི་བུམ་པ་བཏེགས་ནས་རྟེན་འབྲེལ་ཞུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།