དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐཱན་ཉུང་དང་གློག་སྒུལ་འགྲིམ་འགྲུལ་ཡོ་བྱད་འགྲེམས་སྟོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-13

    ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་དུས་ཡུན་ཉིན་5ཡི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཚོགས་ཆེན་སྐབས་གཉིས་པ་གཉེར་བཞིན་ཡོད། ཐཱན་ཉུང་དང་གློག་སྒུལ་འགྲིམ་འགྲུལ་ཡོ་བྱད་འགྲེམས་སྟོན་ཞིག་མཉམ་འབྲེལ་རྒྱལ་ཚོགས་ནེ་རོ་པི་དོན་གཅོད་ཁྲུའུ་རུ་གཉེར་ནས་སྐབས་འདིའི་ཚོགས་ཆེན་གྱིས་གཙོ་གནད་དོ་ཁུར་བྱེད་པའི་རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་གྱི་མ་འོངས་ཞེས་པའི་གྲོས་གཞི་དང་གཅིག་རམ་གཅིག་འདེགས་བྱས་ཡོད། གཞན་ཡང་ལྗང་མདོག་འགྲོ་སྐྱོད་དང་། ཐཱན་དང་བཙོག་འབུད་ཉུང་གཏོང་བྱས་ནས་གྲོང་ཁྱེར་གྱི་སྦགས་བཙོག་དང་གནམ་གཤིས་འགྱུར་ལྡོག་ལ་ཕོག་པའི་ཤུགས་རྐྱེན་ཆུང་དུ་གཏོང་རྩིས་ཡོད། འདི་ནི་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁྲུའུ་རུ་མི་ཚོས་ཐཱན་ཉུང་དང་གློག་སྒུལ་འགྲིམ་འགྲུལ་ཡོ་བྱད་འགྲེམས་སྟོན་ཐོག་གློག་སྒུལ་ཤུད་འཁོར་ཉམས་ལེན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།