དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་གི་ཉ་ཕྲུག་ཁྲི་200ལྷག་ཙམ་ལྷ་ས་སྐྱིད་ཆུར་གློད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    2023ལོའི་ཟླ་6ཚེས་6ཉིན་ནི་རྒྱལ་ཡོངས་ཀྱི“ཉ་གློད་པའི་ཉིན་མོ”ཐེངས་དགུ་པ་རེད། ཉིན་དེའི་སྔ་དྲོར། ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་གཙོ་གཉེར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་ཆུ་སྐྱེས་སྐྱེ་དངོས་སྐྱེ་འཕེལ་དང་གློད་པ་དང་དེ་བཞིན་སྤྱི་ཚོགས་ཀྱི་ཉ་ཚེ་ཐར་ཚད་ལྡན་དུ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཆུ་སྐྱེས་སྐྱེ་དངོས་ལ་བདག་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པ་དེ་ཡིན་པ་དང་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་ལྷ་ས་སྐྱིད་ཆུའི་འགྲམ་དུ་བོད་རང་གི་ཉ་ཕྲུག་ཁྲི་200ལྷག་ཙམ་གློད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།