དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་བ།

    རྨང་གཞི་བརྟན་དུ་བཏང་ནས་རིག་གནས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དེ་འགན་ནུས་དང་རྒྱུན་གཏན་དང་མཉམ་འདྲེས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བའི་བསམ་བློའི་དྲག་ཆས་དང་རྩ་བའི་གཞི་འཛིན་སར་བརྩིས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི“གཙོ་ཤུགས་དམག”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྒྱུ་རྩལ་ཏང་གི་སློབ་ཚན་གྱི་དམངས་ཕན་འཁྲབ་སྟོན་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ གསར་བརྗེའི་རིག་དངོས་འགྲེམས་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རིག་གནས་ལྗོངས་སྟོབས་ཆེན་བསྐྲུན་པའི་རྨང་གཞི་བརྟན་དུ་ཧུར་ཐག་བཏང་ཡོད་པ་རེད།

    ཟླ་4ཚེས་21ཉིན་ཚུན། རང་སྐྱོང་ལྗོངས་རིག་གནས་ཐིང་གི་སྣེ་ཁྲིད་འོག་རང་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱི་ཚན་པ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཅིག་རྗེས་གཉིས་མཐུད་ངང་གཉེར་ནས་སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་། སློབ་སྦྱོང་ནན་ཏན་བྱེད་པ། ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས“གཅིག་གཏད་གཅིག”གི་སློབ་སྐྱོར་ཚོགས་ཆུང་འཛུགས་པ་བཅས་བྱས་ཏེ་བསམ་ཚུལ་སྤེལ་རེས་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་བྱེད་པ། མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར་བཅས་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་གི་གཏོང་སྤྲོད་སྤོ་སྒྱུར་ལ་བརྟེན་ནས་བོད་ཀྱི་རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གཞི་རིམ་གྱི་རིག་གནས་འཐབ་ས་སྐྲུན་ཤུགས་ཆེ་རུ་གཏོང་བའི་འདུ་འགོད། ཁྱད་ལྡན་རིག་གནས་ཐོན་ལས་སྐྱེད་སྲིང་། རིག་རྩལ་སྤུས་དག་འདུ་འགོད་ཀྱི་སྐུལ་ལྕག་ལམ་སྲོལ་ལག་བསྟར། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་དོ་དམ་སོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་གནས་ཚུལ་ལ་དམིགས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་ལས་དོན་སྤེལ་ཏེ། གནད་དོན་གསེད་བཀྲོལ་དང་དཀའ་གནད་གྲལ་བཤེར་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་པ་རེད།

    མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་ཆེད། རང་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱི་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་བྱས་ནས་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། མངའ་རིས་བཅས་མཐའ་མཚམས་ས་ཁུལ་4ལ་རིག་རྩལ་འཁྲབ་སྟོན་བྱེད་པར་བསྐྱོད་ནས་མཐའ་མཚམས་མང་ཚོགས་ལ་གླུ་གར《གངས་རིའི་ཞབས་བྲོ》དང་། འཁྲབ་ཚན་ཐུང་གྲས《སློབ་གྲོགས》 ཞབས་བྲོ《གསར་རྙིང་བསྡུར་བ》སོགས་ཕུལ་བྱུང་གི་རིག་རྩལ་མང་པོ་འཁྲབ་སྟོན་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེ་དང་ཆབས་ཅིག་ལྗོངས་རིག་གནས་ཐིང་གིས་སྒྲིག་འཛུགས་བྱས་པའི“བསྟོད་གླུ་གསུམ”གྱི་སྒྱུ་རྩལ་རང་བཞིན་གྱི་ཏང་གི་སློབ་ཚན་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་སློབ་གྲྭ་དང་སྡེ་ཁུལ་དུ་ཐེངས་10འཚོགས་པར་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་ལྟད་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་རང་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། སྒྲིག་སྲོལ་ལྟར་དག་ཐེར། རིག་གནས་དམངས་ཕན། ཏང་ཡོན་གྱིས་རང་གནས་སའི་སྡེ་ཁུལ་དང་ས་ཁུལ་གཉིས་སུ་འབྱོར་ཐོ་བཀོད་ནས་ཞབས་འདེགས་ཞུ་བ། ལས་བྱེད་པ་ཆ་སྒྲིག་གཉེན་འཚོལ་སོགས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། སློབ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་དང་། སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤྱི་འདོམས་ལྟ་རྟོག་ལ་མཐོང་ཆེན་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།