རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་འཚོལ་བཤེར་བཅས་འགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས།
♦ ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རང་ངོས་ཀྱི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཡིན།
♦ བསམ་བློ་དེ་ཡག་པོ་སྤྱད་དེ་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྔར་བས་སྤྱི་འདོམས་ཡག་པོ་བྱས་ཐོག དུས་བབ་དང་འཕེལ་ཕྱོགས་དང་། ཉེན་ཁ་དང་གོ་སྐབས་ལ་གསལ་རྟོགས་གཏིང་ཟབ་བྱས་ཏེ་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་ཧུར་ཐག་བྱེད་དགོས།
བསམ་བློ་དེ་ཡག་པོ་སྤྱད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཀྱི་འདེགས་སྐྱོར་ཕུན་སུམ་ཚོགས་སུ་གཏོང་བ། ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། སྒུལ་ཤུགས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དེ་བས་མངོན་གསལ་དོད་པ་དང་། ལེགས་ཆ་དེ་བས་མངོན་པ། མདུན་ལམ་དེ་བས་འོད་སྟོང་ལྡན་པ་བཅས་ཡོང་བར་བྱེད་དགོས།
བསམ་བློ་དེ་ཡག་པོ་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
བསམ་བློ་དེ་ཡག་པོ་སྤྱད་དེ་ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་བ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བདེ་སྡོད་ཉེན་བསམ་དང་མ་བྱུང་སྔོན་འགོག་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་དམག་གྲབས་ཀྱི་རྣམ་པ་ཡག་པོ་རྒྱུན་འཁྱོངས་བྱེད་པ། སྔོན་ཚུད་གྲ་སྒྲིག་ཡག་པོ་བྱེད་པ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ཉེན་ཁ་སྣ་ཚོགས་མ་ཐོན་གོང་ནས་སེལ་བ། ཚོད་འཛིན་མ་ཐུབ་པའི་ཉེན་ཁ་སྣ་ཚོགས་མཆེད་པར་མཐའ་གཅིག་ཏུ་འགོག་ཟོན་བྱས་ནས་མ་ལག་རང་བཞིན་གྱི་ཉེན་ཁ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།
བསམ་བློ་དེ་ཡག་པོ་སྤྱད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་ཆེན་པོའི་དམིགས་བསལ་གྱི་དཀའ་གནད་སེལ་བའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་དུ་རྒྱུན་འཁྱོངས་བྱེད་པ། ཐོན་པའི་གནད་དོན་གསར་པ་ཐག་གཅོད་ལ་སྣང་ཆེན་བྱེད་པ་མ་ཟད་གནས་པའི་གཏིང་ཟབ་པའི་གནད་དོན་ཐག་གཅོད་ལའང་སྣང་ཆེན་བཅས་བྱས་ནས། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས།