དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁུ་ཁུ་ཤིས་རིའི་གཙོད་ཕྲུག་སྐྱེ་སར་སྐྱོད་པའི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-11

    འདི་ནི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་རི་སྐོར་རྒྱག་མཁན་བཀྲ་ཤིས་བསམ་གྲུབ་ཀྱིས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་གཙོད་ཕྲུག་ལ་བྱམས་སྐྱོང་བྱེད་བཞིན་པ།

    འདི་ནི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་རི་སྐོར་རྒྱག་མཁན་ཚེ་དབང་སྟོབས་རྒྱལ་གྱིས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་བསྐྱབས་བཅོས་བྱས་པའི་གཙོད་ཀྱི་ལུས་པོའི་གནས་ཚུལ་ལ་ལྟ་བཞིན་པ།

    འདི་ནི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རོགས་སྐྱོབ་ལྟེ་གནས་སུ་ཡོད་པའི་གཙོད་ཡིན་པ།

    འདི་ནི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཀྱི་ཟུར་ཞིག་ཡིན་པ།

    གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། གཙོ་བོ་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། བོད་བྱང་ཐང་། ཤིན་ཅང་གི་ཨར་ཅིན་རི་བོ་བཅས་སུ་འཚོ་སྡོད་བྱེད་ཀྱི་ཡོད། ལོ་རེའི་ཟླ་5པ་ནས་7པའི་བར་ནི་གཙོད་གནས་སྤོ་དང་གཙོད་ཕྲུག་སྐྱེ་བའི་དུས་ཚིགས་ཡིན་པས། གཙོད་ཕྲུག་སྐྱེ་ལ་ཉེ་བའི་གཙོད་ཁྱུ་དང་ཁྱུ་བྱས་ནས་ཁུ་ཁུ་ཤིས་རིའི་རྩོ་ནག་མཚོར་གཙོད་ཕྲུག་སྐྱེ་བར་འགྲོ་ཡི་ཡོད། ཟླ་7པའི་ཟླ་སྨད་ནས་འགོ་བཙུགས་ཏེ་གཙོད་ཕྲུག་སྐྱེས་ཟིན་པའི་གཙོད་ཨ་མས་སླར་ཡང་གཙོད་ཕྲུག་ཁྲིད་ནས་ཐོག་མའིའཚོ་སྡོད་བྱེད་སར་ལོག་གི་ཡོད།

    གནས་སྤོ་བྱེད་རིང་སྐྱེས་མ་ཐག་པའི་གཙོད་ཕྲུག་ཁག་གཅིག་རང་བྱུང་གི་དགྲ་ཡར་གཡོལ་བ་དང་གནམ་ངན་བསྟན་སྐབས་གཙོད་ཨ་མ་དང་ཁ་ཐོར་འགྲོ་སླ་པོ་ཡོད། ཁེར་རྐྱང་དུ་ལུས་པའི་གཙོད་ཕྲུག་དེ་དག་སྐྱོབ་ཆེད། སྲུང་སྐྱོང་ལས་ཁུངས་དང་གཅེས་སེམས་ཁེ་ལས་ཀྱིས་མ་དངུལ་བཏང་ནས་ཁུ་ཁུ་ཤིས་རི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཤིག་བསྐྲུན་ཏེ་གཙོད་ཕྲུག་སྐྱོབ་ཀྱི་ཡོད། མིག་སྔའི་བར་གཙོད་50ལྷག་ཙམ་རོགས་སྐྱོབ་ལྟེ་གནས་ནས་རང་བྱུང་ཁམས་སུ་གློད་པ་དང་། མིག་སྔར་བསྐྱབས་པའི་གཙོད་6སྔར་བཞིན་དེ་གར་གསོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།