དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝེ་ཐེ་ནམ་གྱི་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཇེ་མང་དུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-11

    ཉེ་ཆར། འཚོགས་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་རིང་ཝེ་ཐེ་ནམ་དང་། ཐེ་ལན། རི་པིན། ཧན་གོ ཨོ་སི་ཁྲུ་ལི་ཡ་སོགས་ཀྱི《ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)ཁོངས་མིའི་རྒྱལ་ཁབ་ཀྱི་ཁེ་ལས་འགྲེམས་སྟོན་ནང་ཧུར་ཐག་ཞུགས་ནས་བཟའ་བཅའ་དང་འཕྲོད་སྦྱོར་ཐོན་རྫས་སོགས་འཛད་སྤྱོད་ཐོན་རྫས་འཁྱེར་ཡོད་པ་རེད། འདི་ནི་འཛད་རྫས་དངོས་མང་སྟོན་ཚོཌ་ནས་པར་བླངས་པའི་ཝེ་ཐེ་ནམ་གྱི་ཤིང་ཏོག་ལེའུ་ལེན་གྱི་བག་ལེབ་ཡིན་པ།

    འདི་ལོ་ཝེ་ཐེ་ནམ་གྱིས་བྱང་རྒྱུད་རི་ཁུལ་ཞིང་ཆེན་ལའོ་ཅེ་ཡི་མཐའ་མཚམས་འགག་སྒོ་བརྒྱུད་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཞིང་ལས་ཐོན་རྫས་ཇེ་མང་དུ་སོང་ཞིང་། ལའོ་ཅེ་ཞིང་ཆེན་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་ས་གནས་དེ་གའི་འགག་སྒོ་བརྒྱུད་ཕྱིར་གཏོང་ནང་འདྲེན་གྱི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་1.86ཙམ་ཟིན་ཡོད་ཅིང་། དེའི་ནང་ཕྱིར་གཏོང་གི་ཚོང་འགྲིག་ཚད་ཨ་སྒོར་ཁྲི་9240ཟིན་པ་དེ་དུས་མཚུངས་ལས་90.1%ཙམ་འཕར་བ་དང་། ནང་འདྲེན་གྱི་ཚོང་འགྲིག་ཚད་ཨ་སྒོར་ཁྲི་9320ཟིན་པ་དེ་དུས་མཚུངས་ལས་15%ཙམ་འཕར་ཡོད་པ་རེད།

    ལའོ་ཅེ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཁྲོད་ཞིང་ལས་ཐོན་རྫས་ནི་སྔར་བཞིན་ཕྱིར་གཏོང་ཐོན་རྫས་གཙོ་བོ་ཡིན་པ་དེར་ཨ་སྒོར་ཁྲི་7100ལྷག་ཙམ་ཟིན་ནས་དུས་མཚུངས་ལས་63.2%ཙམ་འཕར་བ་དེས་ཕྱིར་གཏོང་བསྡོམས་འབོར་གྱི་76.8%བཟུང་ཡོད། ཞིང་ལས་ཐོན་རྫས་གཙོ་བོའི་ནང་ཤིང་ཏོག་འབྲུག་སིལ་དང་། ཤིང་ཏོག་ངང་ལག ཤིང་ཏོག་ཤིས་ཀྭ ཤིང་ཏོག་མུའུ་ཧྲུའུ། ཤིང་ཏོག་ལེའུ་ལེན་སོགས་ཡོད།

    ལའོ་ཅེ་ཞིང་ཆེན་འགག་སྒོ་ལས་ཁུངས་ཅུས་ཀྱི་འགན་འཁུར་བས། ཉིན་ལྟར་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་བླུགས་པའི་རླངས་འཁོར་300ཙམ་ཅིན་ཁྲེང་རྒྱལ་སྤྱིའི་འགག་སྒོ་བརྒྱུད་སྐྱེལ་འདྲེན་བྱེད་བཞིན་ཡོད་ཅེས་བརྗོད།

    —— ཝེ་ཐེ་ནམ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།