རྒྱལ་སྤྱིའི་མིག་མངས་ལ་ཀྲུང་གོའི་ན་གཞོན་ཚོས་དགའ་པོ་བྱེད་པ།
འདི་ནི་ཉེ་ཆར་གཉེར་བའི་རྒྱལ་ཡོངས་ཀྱི་རྒྱལ་སྤྱིའི་མིག་མངས་ལེགས་སྐྱེས་འགྲན་བསྡུར་སྐབས་བདམས་ཐོན་པ་གཉིས་མིག་མངས་འགྲན་བཞིན་པ།
ཀྲུང་གོ་བས་སྔར་ནས་ཐབས་ཇུས་རིགས་ཀྱི་རོལ་རྩེད་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་མིག་མངས་ལ་དེང་དུས་ཀྲུང་གོའི་ན་གཞོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་མིག་མངས་ལས་རིགས་ཀྱི་ལུས་རྩལ་པ་དང་ཀྲུང་གོ་རྒྱལ་སྤྱིའི་མིག་མངས་མཐུན་ཚོགས་ཀྱི་དེ་སྔའི་དྲུང་ཆེ་ཐན་ཧུང་ཝུའེ་ཡིས་འདས་ཟིན་པའི་ལོ་བཅུའི་ནང་ཀྲུང་གོར་རྒྱལ་སྤྱིའི་མིག་མངས་རྩེ་མཁན་གྱི་མི་གྲངས་ལྡབ་4མང་དུ་ཕྱིན་ནས་2013ལོའི་མི་ཁྲི་600ནས་ད་ཆའི་མི་ཁྲི་3000བར་མང་དུ་ཕྱིན་ཡོད། བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ཀྲུང་གོ་སྲིད་གཞུང་གིས་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཀྲུང་གོས་མིག་མངས་ཀྱི་རྩལ་འགྲན་ལུས་རྩལ་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཡོངས་རང་བཞིན་གྱི་འཆར་འགོད་བཏོན་པ་མ་ཟད། ད་དུང་རྒྱལ་སྤྱིའི་མིག་མངས་དང་འབྲེལ་བ་ཡོད་པའི་ཆེད་ལས་སློབ་གྲྭ་ཁག་གཅིག་བཙུགས་ནས་རིམ་པ་མི་འདྲ་བའི་རྒྱལ་ཡོངས་ཀྱི་འགྲན་བསྡུར་སྒྲིག་འཛུགས་ཀྱང་བྱས་ཡོད།
ཀྲུང་གོའི་སློབ་ཆེན་དང་སློབ་གླིང་གིས་ཀྱང་རྒྱལ་སྤྱིའི་མིག་མངས་སློབ་ཁྲིད་ཀྱི་འཆར་གཞིའི་ནང་དུ་བཅུག་ཡོད། རྒྱལ་སྤྱིའི་མིག་མངས་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་མཉེན་ཆས་གསར་སྤེལ་བྱས་པ་དེས་ལུས་རྩལ་དེ་ན་གཞོན་ཚོའི་ཁྲོད་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ཡོད། དགའ་འོས་པ་ཞིག་ནི་ན་གཞོན་དེ་བས་མང་བས་རྒྱལ་སྤྱིའི་མིག་མངས་ལས་རིགས་ཤིག་ལ་བརྩི་བ་དང་ཀྲུང་གོའི་རྒྱལ་སྤྱིའི་མིག་མངས་རྩེད་མཁན་ན་གཞོན་མང་པོ་ཞིག་གིས་ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་འགྲན་བསྡུར་ནང་སྦྱངས་འབྲས་ཡག་པོ་བླངས་ཡོད།
—— ཧྥ་རན་སེའི《མྱུར་འཕྲིན》གཟའ་འཁོར་དུས་དེབ་དྲ་ཚུགས་སྟེང་སྤེལ་བའི་གནས་ཚུལ་གཞིར་བཟུང་།