དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཞི་བདེ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པ།

    མོ་ཞི་ཁོའི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་མོན་ཐར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲུའུ་ཡུས་པོ་དང་ཝུའུ་ཧའོ།   |     རྩོམ་པ་པོ།  ཀྲུའུ་ཡུས་པོ་དང་ཝུའུ་ཧའོ།   |     སྤེལ་དུས།  2023-06-10

    འདི་ལོ་ནི་ཀྲུང་གོ་དང་མོ་ཞི་ཁོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། མོ་ཞི་ཁོ་ཡི་གྲོས་ཁང་གོང་མའི་གྲོས་དཔོན་ཡ་ལི་ཧང་ཏེ་ལུའོ·ཨ་མོན་ཐ་ཡིས་ཉིན་ཤས་གོང་མོ་ཞི་ཁོ་གྲོང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་མང་པོར་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་བྱས་པ་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ཞི་བའི་ཕྱོགས་སུ་བསྐྱོད་པ་དང་། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། ཐུན་མོང་ཐོག་དར་རྒྱས་ཡོང་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཀྲུང་གོས་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅེས་བརྗོད།

    འདས་ཟིན་པའི་ལོ་བཅུར་ཕྱིར་མིག་ལྟ་སྐབས་ཨ་མོན་ཐ་ཡིས་མོ་ཞི་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་ཚོང་དོན་གྱིས་མཚོན་པའི་མཉམ་ལས་ཀྱི་ཁྱབ་ཁོངས་མང་པོར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ། མོ་ཞི་ཁོའི་ལས་རིགས་ཁག་གིས་ཀྱང་མོ་ཞི་ཁོ་དང་ཀྲུང་གོའི་མཉམ་ལས་ཀྱི“འཐབ་ཇུས་རང་བཞིན་གྱི་རིན་ཐང”སྔར་བས་ཤེས་རྟོགས་ཐུབ་ཡོད་ཅེས་བརྗོད་པ་རེད། ཁོང་གིས་ཀྲུང་གོ་ནི་མོ་ཞི་ཁོ་ཡི་ངོས་ནས་བརྗོད་ན་རོགས་ཟླ་ཞིག་རེད་ལ་སྤུན་ཟླ་ཞིག་ཀྱང་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་གོ་ནི་མོ་ཞི་ཁོར་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་རེད། རིམས་ནད་འཇག་རྗེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སླར་གསོ་བྱུང་ཡོད་ཅེས་བརྗོད་པ་དང་། མི་རིང་བའི་གོང་ཁོང་གིས་རང་ཉིད་ཀྱི་ཕ་ཡུལ་མོ་ཞི་ཁོའི་ཕུའུ་ཨའེ་པུའུ་ལ་ཀྲོའུ་ཡི་ཕྱོགས་གཉིས་ཀྱི་སྤེལ་རེས་བྱེད་སྒོའི་ནང་ས་གནས་དེ་གའི་ཁེ་ལས་མཁས་ཅན་400ལྷག་ཙམ་དང་ཀྲུང་གོའི་མ་འཇོག་ཁེ་ལས་དབར“སྦྲེལ་ཟམ”བཙུགས་ནས་མཉམ་ལས་ཀྱི་གོ་སྐབས་བཙལ་ཡོད་པ་རེད།

    ཨ་མོན་ཐ་ཡིས་ཚད་མཐོའི་གོ་ལ་ཧྲིལ་པོ་ཅན་གྱི་དེང་གི་དུས་འདིར། རྒྱལ་ཁབ་དབར་གྱི་འབྲེལ་བ་བྱེད་སྟངས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཞི་བའི་ཕྱོགས་སུ་བསྐྱོད་པ་དང་། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། ཐུན་མོང་ཐོག་དར་རྒྱས་ཡོང་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཀྲུང་གོས་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོའི་ཕྱི་འབྲེལ་དང་ཚོང་དོན་སྲིད་ཇུས་ཀྱིས་མཐུན་སྒྲིལ་དང་མཉམ་སྤྱོད་དང་རོགས་རེས་དང་གཉིས་ཁེར་སྐུལ་འདེགས་བྱས་པ་དེ་ལས་ཀྲུང་གོའི་འགན་འཁྲི་འཁུར་སེམས་མཚོན་ཡོད་སྟབས་མོ་ཞི་ཁོ་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གི་ཁས་ལེན་ཐོབ་ཡོད་པ་རེད་ཅེས་བརྗོད།

    མོ་ཞི་ཁོ་དང་ཀྲུང་གོ་གཉིས་ཀ་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཅིག་རེད། ཨ་མོན་ཐ་ཡིས་དེས་རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་ཤེས་དཔལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་ཡོད། མོ་ཞི་ཁོ་ཡིས་གོ་ལ་ཧྲིལ་པོའི་མཉམ་ལས་ཁྲོད་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས་མེ་གླིང་དང་། ཨེ་ཤེ་ཡ། ཡོ་རོབ་བཅས་ཀྱི་མཉམ་ལས་ཆེད་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། མོ་ཞི་ཁོ་དང་ཀྲུང་གོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མོ་ཞི་ཁོར་སྣ་མང་ཅན་གྱི་རྒྱལ་སྤྱིའི་འབྲེལ་བ་འཛུགས་རྒྱུར་རོགས་རམ་བྱས་པ་མ་ཟད། མོ་ཞི་ཁོའི་འཕེལ་རྒྱས་དང་མོ་ཞི་ཁོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་གོ་སྐབས་དེ་བས་མང་བ་གཏོད་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།