དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་ཀང་གིས་བརྗོད་དོན།

    ​ རང་རྒྱལ་གྱི་ལྗང་མདོག་དངུལ་བུན་དང་ལྗང་མདོག་བུན་འཛིན་གྱི་ལྷག་གྲངས་གཉིས་ཀ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-10

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་དབྱི་ཀང་གིས། རང་རྒྱལ་དུ་ལྗང་མདོག་དངུལ་བུན་དང་ལྗང་མདོག་བུན་འཛིན་གཙོ་བོར་བྱེད་པ་དང་ལྗང་མདོག་དངུལ་རྩའི་ལག་ཆ་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རིམ་པ་མང་བའི་ལྗང་མདོག་དངུལ་རྩའི་ཁྲོམ་རའི་མ་ལག་ཅིག་ཆགས་ཡོད། མི་དམངས་ཤོག་སྒོར་གྱི་ལྗང་མདོག་དངུལ་བུན་དང་ལྗང་མདོག་བུན་འཛིན་གྱི་ལྷག་གྲངས་གཉིས་ཀ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད་ཅེས་བརྗོད་པ་རེད།

    གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་བཞི་པའི་ཟླ་མཇུག་བར་ཐཱན་འབུད་ཚད་ཉུང་གཏོང་ལ་རྒྱབ་སྐྱོར་བྱེད་པའི་ལག་ཆའི་ལྷག་གྲངས་སྒོར་དུང་ཕྱུར་4000ཙམ་ཟིན་པ་དང་། དངུལ་རྩའི་སྒྲིག་གཞིར་དངུལ་བུན་སྒོར་དུང་ཕྱུར་6700ཙམ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། ཐཱན་འབུད་ཚད་ཉུང་དུ་གཏོང་ཚད་ཏུན་དུང་ཕྱུར་1.5ལས་བརྒལ་བར་སྐུལ་ཁྲིད་བྱས་ཡོད།

    དབྱི་ཀང་གིས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་ལྗང་མདོག་ཕྱོགས་སྒྱུར་དང་ལྗང་མདོག་ལག་རྩལ་ཁྱབ་ཁོངས་སུ་མ་འཇོག་འབོར་ཆེན་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།

    “དངུལ་རྩའི་སྡེ་ཚན་གྱིས་ལྗང་མདོག་དངུལ་རྩའི་ཚད་གཞི་བཟོས་ནས་ཁོར་ཡུག་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་བཏང་སྟེ་ཆ་འཕྲིན་ཕྱི་གསལ་ནང་གསལ་ཡོང་ཚད་མཐོ་རུ་འོས་འཚམ་གཏོང་བ་དང་ཆབས་ཅིག མ་གནས་དམའ་བའི་མ་དངུལ་གྱི་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ཀྱི་མ་དངུལ་ལྗང་མདོག་ཕྱོགས་སྒྱུར་ནང་ཞུགས་པའི་མ་གནས་དམའ་རུ་བཏང་སྟེ་ལྗང་མདོག་དངུལ་རྩའི་ཁྲོམ་ར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ” དབྱི་ཀང་གིས། དུས་ཚིགས་དང་པོ་དུས་མཇུག་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་25ལས་བརྒལ་བ་དང་ལྗང་མདོག་བུན་འཛིན་གྱི་ལྷག་གྲངས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1.5ལས་བརྒལ་ནས་གཉིས་ཀ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།