གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གིས་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ།
ངར་ཤུགས་བསྒྲིམས་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ།
འདི་ནི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་དམག་དཔུང་དང་ས་གནས་ཀྱི་ཏང་ཡོན་ལས་བྱེད་པས་སྐྲ་བདུན་དམིགས་བསལ་ཨུ་ལྷན་གྱི་གནའ་ཤུལ་དུ“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ལས་དོན་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པ།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད།
བོད་ཀྱི་ཏང་ཡོན་ཚོས་བྱ་སྤྱོད་སྤེལ་བཞིན་པ།
2021ལོའི་ཟླ་5པར་ཧྲུའུ་ཅིའི་འགན་འཁུར་མ་ཐག་པའི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚའོ་ཝུའེ་ཡི་ལས་ཀ་དང་པོ་ནི་གཞུང་ལས་ཁང་གི་སྒྲོག་ཙེའི་སྟེང་བཞག་པའི་ལས་བྱེད་ལས་བཟོ་170ལྷག་ཙམ་གྱི་ལས་སྒྱུར་རེ་ཞུ་ཐག་གཅོད་བྱེད་རྒྱུ་དེ་རེད།
འདི་ལོའི་ཟླ་5པར་འབྲོང་པ་རྫོང་དུ་ལས་སྒྱུར་རེ་ཞུ་ཕུལ་མཁན་ལས་བྱེད་ལས་བཟོ་20ལྷག་ཙམ་བར་ཉུང་དུ་ཕྱིན་པ་དང་མི་མང་ཆེ་བས་རང་འགུལ་ངང་ལས་སྒྱུར་རེ་ཞུ་ཕྱིར་འཐེན་བྱས་ཏེ་སྔོན་ཐོན་ལེགས་བརྩོན་གཏོད་པའི་བྱ་གཞག་ལ་ཞུགས། 2022ལོར་འབྲོང་པ་རྫོང་གི་དཔལ་འབྱོར་དམིགས་ཚད་གཙོ་བོ་གཞིས་རྩེ་གྲོང་ཁྱེར་གྱི་ཨང་རིམ་ཁྲོད་མདུན་གྲལ་དུ་སླེབས་ཤིང་དེའི་ནང་ནོར་སྲིད་ཡོང་འབབ་དང་། ཁྲལ་འབབ། ཚོང་འགུགས་མ་འདྲེན་སོགས་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ལ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་ཀྱང་མདུན་གྲལ་དུ་སླེབས་ཡོད་པ་རེད།
བསམ་བློའི་འཆིང་རྒྱ་ལས་བསྒྲལ་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྙིང་སྟོབས་འཕེལ།
སྤྱོད་ཚུལ་འཛུགས་སྐྱོང་དེ་མི་སེམས་ཀྱི་གཏད་ཕྱོགས་དང་བྱ་གཞག་ལ་རྒྱལ་ཕམ་ཇི་ཡོང་དང་འབྲེལ་བ་ཡོད།
2021ལོའི་ཟླ་6ཚེས་22ཉིན། འབྲོང་པ་རྫོང་གིས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་གི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། ཐེག་པ་འཁུར་ལེན། དངོས་སྒྲུབ་ཕན་ཆེ། སྒྲིག་བཀུར་ཁྲིམས་སྲུང། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྲོལ་གསར་བཙུགས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་རྒྱུའི་སྐུལ་སློང་བྱས་ཡོད། 2021ལོའི་ཟླ་12ཚེས་29ཉིན་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། འབྲོང་པ་རྫོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་ནན་པོར་གཞིགས་ཏེ། ཚད་གཞི་མཐོ་པོའི་སྒོ་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྩ་འཛུགས་ཀྱི་སྒྲིག་གཞི་འཛུགས་པ་དང་། ལེ་ལག་ཚང་བའི་ལམ་ལུགས་དང་ལམ་སྲོལ་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ། “གཏན་འབེབས་བྱ་སྤྱོད”དོན་འཁྱོལ་ཞིབ་ཚགས། “རང་འདེམས་བྱ་སྤྱོད”ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྦྲེལ་མཐུད་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།
འབྲོང་པ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྐྲ་བདུན་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་གནའ་ཤུལ་སྲུང་སྐྱོང་བྱས་པ་མ་ཟད། གམ་པ་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་སོགས་གསར་བརྗེའི་སློབ་གསོའི་འཐབ་ས་མུ་མཐུད་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། རྫོང་དེས་རྒྱུན་དུ་རྒྱ་ཆེའི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་སློབ་གསོ་སྤེལ་སར་བསྐྱོད་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་གྱི་ཡོད་ལ། མིག་མཐོང་ལག་ཟིན་གྱི“གསར་བརྗེའི་བསླབ་གཞིར”བརྟེན་ནས་དད་སེམས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་བསམ་བློའི་སྙིང་སྟོབས་འཕེལ་བར་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་དགྲ་བོར་མི་སྐྲག་པ་དང་། ཉེན་ཁར་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྙིང་སྟོབས་དང་གཤིས་རྒྱུད་རྒྱུན་འཛིན་དང་དར་སྤེལ་གཏོང་གི་ཡོད།
“བསམ་ཕྱོགས་ཁ་གསལ་དང་། ཐབས་ཤེས་ནུས་ལྡན། བྱ་ཐབས་གནད་ལ་འཁེལ་བ་བཅས་བྱུང་ཚེ། གཞི་ནས་ལས་བྱེད་ལས་བཟོའི་རྒྱབ་སྐྱོར་ཐོབ་ཐུབ” ཚའོ་ཝུའེ་ཡིས་ཚང་མས་གླེང་མང་བའི་གནད་དོན་ནས་འགོ་འཛུགས་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་། གསོ་སྦྱོང་། མི་སྣ་འདེམས་སྤྱོད། དཔྱད་ཞིབ་གདེང་འཇོག ཆེད་དོན་བཅོས་སྒྲིག ལམ་སྲོལ་འཐུས་ཚང་། ལྟ་སྐུལ་མཛུབ་ཁྲིད་སོགས་ཐད་ནས་ཕྱོགས་བསྡུས་ཇུས་བསྟར་བྱེད་དགོས་པའི་ངོས་འཛིན་བྱས།
འབྲོང་པ་རྫོང་གིས་རྒྱ་ཁྱབ་ངང་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས《འབྲོང་པ་རྫོང་གིས་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས》བཏོན་ཏེ་ལས་བྱེད་པར་དོ་དམ་ནན་པོ་དང་སེམས་ཁུར་བྱ་རྒྱུ་ཟུང་འབྲེལ་བྱས་ཡོད། ལས་བྱེད་པ་བརྗེ་རེས་དང་ལེགས་སྒྲིག་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པའི་ལས་བྱེད་པ་བློ་ཁོག་ཆེན་པོས་སྤྱོད་པ་དང་། འགན་འཁུར་མི་ཐུབ་མཁན་གྱི་ལས་བྱེད་པ་གནས་ཚུལ་ལ་གཞིགས་ནས་གོ་གནས་དམའ་རུ་གཏོང་བ་དང་། གོ་གནས་བརྗེ་པོ་རྒྱག་པ། གོ་གནས་མེད་པར་བཟོ་བ་སོགས་བྱས་པར་བརྟེན་འཇོན་ཐང་པར་གོ་གནས་ཡོད་པ་དང་། ཕུལ་བྱུང་ལ་བྱ་དགའ་སྤྲོད་པ། གཡོ་ཟོལ་མཁན་གནས་དབྱུང་གཏོང་བ་བཅས་མི་སྣ་བཀོལ་སྤྱོད་ཀྱི་ལམ་སྲོལ་གསལ་པོ་ཞིག་གྲུབ་ཡོད།
ལས་དོན་གྱི་འགག་གནད་བསལ་ནས་དངོས་འཛིན་དངོས་སྒྲུབ་དང་སྤྱོད་གཙང་གཞུང་དྲང་ལ་སྐུལ་འདེད་བཏང་།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་བརྒྱུད། འབྲོང་པ་རྫོང་གི་ལས་བྱེད་ལས་བཟོ་དེ་བས་མང་པོས་བསམ་བློའི་འགྱུར་ལྡོག་དེ་བྱ་སྤྱོད་ཐོག་འཁྱོལ་བར་བྱས་ཡོད།
ན་ནིང་ཟླ་8པའི་ཟླ་སྟོད་དུ་ཏོག་གསར་རིམས་ནད་མཆེད་ཚུན། གཞིས་རྩེ་གྲོང་ཁྱེར་གྱི“ནུབ་སྒོ”དང་མཐའ་མཚམས་རྫོང་ཞིག་ཡིན་པའི་འབྲོང་པ་རྫོང་ལ་རིམས་ནད་ཕྱི་ནས་མི་འགོ་པ་དང་ནང་དུ་བསྐྱར་ལོག་མི་ཐེབས་པ་བྱེད་པའི་སྔོན་འགོག་དང་ཚོད་འཛིན་གྱི་གནོན་ཤུགས་ཆེན་པོ་འཕྲད་ཡོད། འོན་ཀྱང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་། ངལ་བ་དང་འཁང་ར་གཉིས་བཟོད། ཀུན་སེམས་གཅིག་སྒྲིལ་བཅས་བྱས་ནས་སྔོན་འགོག་དང་ཚོད་འཛིན་ལས་འགན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཡོད། དེ་དང་ཆབས་ཅིག་འབྲོང་པ་རྫོང་གིས་ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་བླངས་ཡོད།
“2022ལོར་འབྲོང་པ་རྫོང་གི་ནོར་སྲིད་ཡོང་འབབ་ལོ་རྒྱུས་ཐོག་སྒོར་དུང་ཕྱུར་2ལས་ཐེངས་དང་པོར་བརྒལ་ཡོད། གལ་ཏེ་སྤྱོད་ཚུལ་དང་འདུ་ཤེས་ལེགས་སུ་མ་བཏང་ཚེ་ང་ཚོར་གྲུབ་འབྲས་དེ་འདྲ་ཐོབ་མི་སྲིད”ཅེས་ཚའོ་ཝུའེ་ཡིས་གསར་འགོད་པར་བཤད།
རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་བྱུང་ཚེ་ཆབ་སྲིད་ཐད་གཞི་ནས་བློ་རྩ་བརྟན་པོ་ཡོང་ཐུབ། འབྲོང་པ་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་པ་དང་འབྲེལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད།
འདི་ལོའི་ཟླ་1ཚེས་12ཉིན་འབྲོང་པ་རྫོང་གི་2022ལོའི་ལོ་འཁོར་གྱི་སྔོན་ཐོན་བརྩོན་ལེན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས“དམིགས་ཚད་བསྒྲུབས་པའི་སྔོན་ཐོན”ཤང་དང་གྲོང་རྡལ་4དང་ཚན་པ་8ལ་གཟེངས་བསྟོད་བྱས་པ་རེད། “གཞོང་ལྗོངས”ཆུང་ཆུང“མཛེས་ལྗོངས”ཡུག་ཁུལ་ཆེན་པོར་གཏོད་ཆེད། ཚོགས་འདུ་གྲོལ་རྗེས་རྫོང་དེས་ཤང་དང་གྲོང་རྡལ་གྱི་འགན་གཙང་ཇུས་གཞིར་སླར་ཡང་བཟོ་བཅོས་བརྒྱབ་ནས་མཇུག་ཤོས་ཡིན་པའི་ཤང་དང་གྲོང་རྡལ་གཉིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་འགན་གཙང་བླངས་ནས་དཀའ་ངལ་མང་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་ཆེ་བ། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཆེ་བ། ལས་དོན་ལ་སྐུལ་འདེད་གཏོང་མི་ཐུབ་པ་བཅས་ཀྱི་ས་ཆར་བསྐྱོད་དེ་གནད་དོན་འཚོལ་བ་དང་། འབྱུང་རྩ་ནས་སྔོག་འདོན། བཅོས་སྒྲིག་ལ་དམ་འཛིན་བཅས་བྱས་ནས་ཏང་སྲོལ་སྲིད་སྲོལ་མུ་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།
འཐབ་ཇུས་ཀྱི་དཀའ་གནད་བསལ་ནས་གསར་གཏོད་ཀྱི་ངར་སེམས་འཕེལ་བར་བྱས།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ནང“ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ཆེད་དོན་ཞིབ་འཇུག་གི་གྲུབ་འབྲས་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་ཐཱན་བསྡུའི་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་དགོས”ཞེས་བཏོན་ཡོད།
འབྲོང་པ་རྫོང་གི་ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4ལྷག་ཙམ་ཟིན་པ་དེས་གཞིས་རྩེ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་གྱི་བཞི་ཆ་གཅིག་བཟུང་བའི་ནང་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་4500ཙམ་ཡོད། རྩྭ་ར་ཞན་འགྱུར་ལེགས་བཅོས་དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། བྱེ་འགྱུར་ས་ཆ་བཅོས་སྐྱོང་། ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག རྩྭ་ར་ལོ་བསྙལ་དང་རྩྭ་ར་རེས་སྐོར་སོགས་ཀྱི་བྱེད་ཐབས་སྤྱད་པ་མ་ཟད། རྩྭ་ཐང་གི་ཐཱན་བསྡུ་གསོག་འཇོག་བྱེད་པ་དང་ཐཱན་བསྡུའི་དཔལ་འབྱོར་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བར་བརྟེན་རྩྭ་ཐང་ཐོན་ཁུངས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ལ། འབྲོག་པའི་འབབ་འཕར་མང་དུ་ཕྱིན་པ་དང་། འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་མངོན་འགྱུར་བྱུང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་པ་བཅས་བྱུང་སྟེ་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད།
འོན་ཀྱང་། ཐཱན་བསྡུའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཐཱན་བསྡུའི་དཔལ་འབྱོར་གྱི་ཐོན་ལས་འཁོར་འབྲེལ་དང་མཉམ་འདྲེས་བྱ་རྒྱུ་ནི་བྱེད་ཐབས་གསར་པ་ཞིག་ཡིན་པས་དཔེ་ལྟ་ས་དང་ཉམས་མྱོང་དཔྱད་གཞིར་འཛིན་ས་མེད།
འདི་ལོའི་ཟླ་4པར་ཚའོ་ཝུའེ་ཡིས་འབྲོང་པ་རྫོང་གི་ཏང་སྲིད་འཐུས་མི་ཚོགས་པ་ཁྲིད་དེ་ཧྲང་ཧའེ་དང་ཐའེ་ཡོན་སོགས་སུ་བསྐྱོད་ནས། ཀྲུང་གོ་པའོ་ཝུའུ་ལྕགས་དང་ངར་ལྕགས་ཚོགས་པས་འབྲོང་པ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལེགས་ཆ་ཧུར་ཐག་འདོན་སྤེལ་བྱས་ནས་བརྟག་ཞིབ་དང་། སྤེལ་རེས་སློབ་སྦྱོང་། མཉམ་ལས་འབྲེལ་མཐུད་བཅས་བྱས་པར་བརྟེན་ཀྲུང་གོ་པའོ་ཝུའུ་ལྕགས་དང་ངར་ལྕགས་ཚོགས་པ་དང་ཐཱན་བསྡུ་ཉོ་ཚོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ནས་ཐཱན་བསྡུའི་དཔལ་འབྱོར་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བའི་གོམ་སྟབས་དང་པོ་སྤོས་པ་རེད།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་ནམ་ཡང་ཚར་དུས་མེད། ད་ཆ་འབྲོང་པ་རྫོང་གིས་ནུས་པ་དང་སྤྱོད་ཚུལ་འཛུགས་སྐྱོང་དེ་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་མཉམ་དུ་ཟུང་འབྲེལ་དང་། ལྟེ་བའི་ལས་འགན་དང་མཉམ་དུ་སྐུལ་འདེད་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་མཉམ་དུ་ཤུགས་རྒྱག་པ་བཅས་བྱས་ཏེ་སྤུས་ལེགས་ནུས་ཆེའི་སྲིད་དོན་ཁོར་ཡུག་དང་། རྒྱུན་མཐུད་ལེགས་སུ་འགྲོ་བའི་ཚོང་གཉེར་ཁོར་ཡུག བདེ་འཇགས་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག གསོན་ཤུགས་ཀྱིས་ཁེངས་པའི་ལས་གཏོད་ཁོར་ཡུག གཞུང་དྲང་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག་བཅས་ནུས་ཤུགས་ཡོད་རྒུས་བཏོད་དེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་ཁྲོད་འབད་འབུངས་ལེགས་སྐྱེས་ཀྱི་དུས་རབས་ཀྱི་ལེའུ་ཧུར་ཐག་རྩོམ་བཞིན་ཡོད།
དཀའ་སྡུག་བཟོད་ཐུབ་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་ལྡན་དགོས།
མཐོ་སྒང་དུ་གནས་པའི་འབྲོང་པར་ས་བབ་མཐོ་ལ་མཐོ་གྲང་གསོ་རླུང་དཀོན་པ་དང་གནམ་གཤིས་ཧ་ཅང་སྐྱོ་པོ་ཡོད།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་། དཀའ་སྡུག་བཟོད་ཐུབ་པའི་གཤིས་རྒྱུད། དཀའ་ངལ་ཁྱད་བསད་ཀྱི་སྤྱོད་ཚུལ་བཅས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་དཀའ་སྡུག་བཟོད་ཐུབ་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་ལྡན་དགོས།
རྒྱང་ལམ་གསར་པར་འབད་འབུངས་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་པར་ང་ཚོས་ཏང་གི་ལོ་རྒྱུས་ཁྲོད་ནས་བསམ་བློའི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། འབྲོང་པ་རྫོང་ཨུད་ཀྱིས་ལས་ཀའི་ཁོར་ཡུག་དང་དོན་དངོས་ལ་གཞིགས་ནས“གསར་བརྗེའི་བསླབ་གཞི”ཡག་པོ་སྤྱོད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱས་ཡོད། འདི་ལྟ་བུའི་བསམ་ཕྱོགས་དེ་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བར་དཔྱད་གཞིའི་དོན་སྙིང་ལྡན་ཡོད།