མདུན་དུ་མཛུབ་ཁྲིད་དང་དངོས་གནས་ལྟ་སྐུལ་ནན་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སེམས་ལ་གཏིང་ཟབ་ཏན་ཏིག་ཟུག་པར་སྐུལ་འདེད་བཏང་བ།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པའི་ཙུའུ་ཀྲང། ཝང་ཏེ་ཝུན།
ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་གཞུང་དོན་ཁང་གི་མཛུབ་ཁྲིད་ནུས་ལྡན་འོག ང་ཚོས“བཅར་འདྲི་ལྔ་དང་མཛུབ་ཁྲིད་ལྔའི”ལས་ཀའི་བྱེད་ཐབས(རྒྱུན་དུ་བཅར་འདྲི་དང་། དུས་ངེས་མེད་ཀྱི་བཅར་འདྲིར་ཤུགས་སྣོན། ཞིབ་བཤེར་ནན་ཏན། དུས་བཀག་ལྟར་འཚམས་ལན། ལྐོག་ཞིབ་ཡག་པོ་བཅས་བྱེད་པ་དང་། འགན་འཁྲི་བརྒྱུད་ཁྲིད་དང་། མཛུབ་ཁྲིད་ཞིབ་ཚགས། ཁྲིད་སྟོན་ཡང་དག གཤམ་སྐྱོད་ལྟ་སྐུལ་མཛུབ་ཁྲིད། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ)སྤྱད་དེ་མཛུབ་ཁྲིད་ལ་ལྟ་སྐུལ་ནན་པོ་དང་མཛུབ་ཁྲིད་ལ་བརྟེན་ནས་ལྟ་སྐུལ་ལ་སྣེ་ཁྲིད་བྱས་ཏེ། ཚན་པ་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོ་གོམ་སྟབས་གཅིག་གྱུར་དང་རང་སོའི་ལེགས་ཆར་བརྟེན་ནས་སྔོན་ཐོན་བརྩོན་ལེན་བྱས་ཡོད།
འགན་འཁྲི་བརྒྱུད་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། འགན་འཁུར་བ་ཨང་གཉིས་པའི་འགན་འཁྲི་ནན་ཏན་བསྒྲུབས་པ་དང་ཆབས་ཅིག་ཚན་པ་ཁག་གི་འགོ་ཁྲིད་གཙོ་བོ་དང་དྲ་ཐོག་དྲ་ཕྱི་ནས་འབྲེལ་གཏུག་ཧུར་ཐག་གིས་ཕན་ཚུན་སྐུལ་འདེད་དང་། འགན་འཁྲི་མཉམ་འཁུར། ཐབས་བཟང་མཉམ་གྲོས་བཅས་བྱས་ཡོད། གྲོས་མོལ་ལམ་སྲོལ་བཙུགས་ནས་དུས་བཀག་ནང་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། ཞན་ཆ་སེལ་བ། ལས་དོན་ལ་ཞིབ་འཇུག་བཅས་བྱས་ཡོད། སྐར་མ་རྒྱག་པའི་རེའུ་མིག་བཟོས་ནས་གཏན་འབེབས་བྱས་པའི་བྱ་སྤྱོད་དང་། ཁྱད་ལྡན་དང་བཀྲག་མདངས་འཚེར་བའི་ལས་དོན་དག་ཞིབ་ཚགས་ཅན་དང་དམིགས་ཚད་ཅན་དུ་བཏང་ནས་ཟླ་ཕྱེད་རེར་ཚན་པས་ཚོད་སྐོར་དང་མཛུབ་ཁྲིད་ཚོཌ་ཆུང་གིས་ཕྱོགས་བསྡུས་ཚོད་སྐོར་བྱས་ཏེ་འགན་འཁྲི་རིམ་གྱིས་ནན་དུ་བཏང་ཡོད།
མཛུབ་ཁྲིད་ཞིབ་ཚགས་ལ་ཤུགས་སྣོན་བརྒྱབ་པ། འགག་སྒོ་ནན་སྲུང་དང་ཞབས་འདེགས་སྔ་སྣུར་ཞུས་ནས་ཚན་པ་ཁག་གིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པར་མཛུབ་ཁྲིད་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཇུས་གཞི་དང་གནད་དོན་གྱི་ལྟ་བཤེར་རྩིས་ཐོ་སོགས“1+4+2”ཡི་ཡིག་ཆའི་ཁུག་མ་དུས་གཅིག་ཏུ་ཞིབ་འཇུག་བྱས་ནས་བཟོས་ཡོད། རིགས་པའི་གཞུང་ལུགས་སློབ་སྦྱོང་གི“གཏན་འབེབས་བྱས་པའི་བྱ་སྤྱོད”དོན་འཁྱོལ་ནན་པོ་བྱས་པ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་གྱིས་གཏམ་བཤད(དྲིལ་བསྒྲགས)འགྲན་བསྡུར་དང་། ཤེས་བྱའི་འགྲན་བསྡུར། ཀྲི་པུའུ་ཧྲུའུ་ཅིའི(ཁྲུའུ་ཀྲང)གླེང་སྟེགས་སོཌ་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་སློབ་སྦྱོང་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱས་ཡོད། ལས་རིཌ་ཀྱི་ལེགས་ཆ་བཏོན་ཏེ“བདེ་འཇགས”(ཐོན་སྐྱེད་ཀྱི་བདེ་འཇཌ་དང་། ཕྱིར་སྐྱོད་ཀྱི་བདེ་འཇགས། འཐུང་ཆུའི་བདེ་འཇགས)“སྡོད་ཁང”(སྡོད་ཁང་འགན་ལེན་དང་། གྲོང་ཁྱེར་དོ་དམ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང) “ཕྱུག་འགྱུར”(རྣམ་གྲངས་འཛུགས་སྐྲུན་གྱིས་ལས་ཞུགས་ལ་སྣེ་ཁྲིད་དང་། ཞིང་འབྲོག་པའི་འབབ་འཕར། ཚན་རྩལ་ཞིང་ཕྱུག) “མཛེས་སྡུག”(མཛེས་སྡུག་ལྡན་པའི་བོད་ལྗོངས་དང་། མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོ། མཛེས་སྡུག་ལྡན་པའི་གྲོང་གསེབ)བཅས་ལ་དམིགས་ནས་རྣམ་གྲངས་68བཏོན་ཡོད།
ཁྲིད་སྟོན་ཡང་དག་ལ་ཤུགས་སྣོན་བརྒྱབ་པ། གཟའ་འཁོར་རེའི་གཟའ་ཟླ་བར་ཚན་པ་ཁག་ལ《ལས་ཀའི་དྲན་སྐུལ》འགྲེམས་པ་དང་གསལ་ཐོའི་རྣམ་པར་བརྟེན་ནས་གཟའ་འཁོར་རེའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཏེ་རྣམ་གྲངས་ཅན་གྱི་བཀོད་གཏོང་ལས་དོན་གྱི་འཕེལ་རིམ་བཀོད་སྒྲིག་བྱས་ཡོད། ཚན་པ་ཁག་གིས་བརྟག་ཞིབ་ཀྱི་འཆར་གཞི་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་དང་། ཐིང་རིམ་པའི་ལས་བྱེད་པ་59ཡིས་སྣེ་ཁྲིད་ནས་ཞིབ་འཇུག་བྱ་གཞི་63ལ་ཞིབ་འཇུག་བྱེད་རིང་། ནག་ཆུ་དང་། མངའ་རིས། མཐའ་མཚམས་བཅས་ཀྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱེད་ཚད་61%ཟིན་ཡོད། “ཆ་ལྔའི་འབྲེལ་བར”སྟངས་འཛིན་ཡང་དག་བྱས་པ་དང་། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་བྱས་རྗེས་གསར་པ་འཇོག་པ་དོན་ལ་འབབ་སར་བརྩིས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་ཀའི་སྤྲོ་སེམས་ལས་སྒྲུབ་ལས་གཏོད་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་པར་བྱས་ཡོད། ཚོགས་ཆུང་ནང་ཁུལ་དུ་བརྗོད་དོན་གཙོ་བོའི་སློབ་གསོའི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ལྟ་སྦྱོང་སྤེལ་རེས་ཀྱི་ཚོགས་འདུ་འཚོགས་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔེ་ལྟའི་ལས་སྟེགས་བཏོད་དེ་ཚན་པ་ཁག་གིས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་འགྲན་སློབ་སྙེག་བརྒལ་བྱེད་པར་སྐུལ་འདེད་བཏང་ཡོད།
གཤམ་སྐྱོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ། “ཕྱིར་སྐྱོད”ལྟ་སྐུལ་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་ཐེངས་མང་བྱས་ཏེ་ཚན་པ་ཁག་གི་སློབ་སྦྱོང་ཚོགས་འདུ་དང་བྱེད་སྒོ་གལ་ཆེན་ཡོངས་ལ་ཞུགས་པ་དང་། ཚན་པ་ཁག་དང་དེའི་ཁོངས་གཏོགས་ཚན་པར་གཅིག་སྡུད་གཤམ་སྤྱོད་ཐེངས་གཉིས་བྱས་ཏེ། ཀྲི་པུའུ་དང་། ཚན་ཞིབ་རྟེན་གཞི། རྣམ་གྲངས་ཀྱི་ལས་ཡུལ་བཅས་སུ་བསྐྱོད་ནས་དམར་ཁྲིད་བྱས་ཤིང་། བཞུཌ་མོལ་ཚོགས་འདུ་ཐེངས་8འཚོགས་པ་དང་། མི་89ལ་བཅར་འདྲི། འདྲི་ཤོག་368སྤྲད་ཏེ། ཏང་ཡོན་དང་ལས་བྱེད་པའི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་གསེད་བཀྲོལ་བྱས་ནས་འབྲེལ་ཡོད་ཚན་པར་བསྐྱལ་ཡོད། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་སྤྱད་ནས་ཚན་པ་ཁག་གི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་དང་གནད་དོན་དག་ཐེར། ལྷག་པར་དུ་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཞིབ་བཤེར་ཐེངས་གཉིས་བྱས་ཡོད།
འགོ་ཁྲིད་ལ་ཤུགས་སྣོན་པར་ནུས་ཤུགས་བཏོན་པ། “གཞན་ལ་མཛུབ་ཁྲིད་བྱེད་པར་དང་ཐོག་རང་ཉིད་ལ་འཇོན་ཐང་དགོས་པ”མཐའ་འཁྱོངས་ཀྱིས་ཚོགས་ཆུང་གི་སློབ་སྦྱོང་འཛིན་གྲྭ་དང་སྤེལ་རེས་བགྲོ་གླེང་གཉེར་ཞིང་། ཚོགས་ཆུང་ཡོངས་ཀྱི་བློ་མཐུན་གྱིས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་བ་བརྒྱུད། རང་འགན་གཙང་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཕྱིན་ཡོད། ལས་རིམ་གསལ་འགོད་དང་ལས་ཡུན་ལྡོག་སྒྲིག་བྱས་ནས་སྐོར་སྐྱོད་འཛུབ་ཁྲིད་ལས་དོན་གྱི་ལས་འགན་ཞིབ་ཚགས་སུ་བཏང་བ་མ་ཟད། འགན་འཁྲི་དུས་ཐོག་ཏུ་དོན་འཁྱོལ་དང་། ཉིན་རེར་བཀོད་སྒྲིག་དང་གཟའ་འཁོར་རེར་འཆར་འགོད། ཟླ་རེར་བཀོད་གཏོང་བཅས་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཚང་མ་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱས་ཡོད།